e-texts navigator
Collection
Volume
Page
Wylie

80a1 དཀའོ། ། ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་དང་། ལེན་པ་དང་འཆད་པ་དང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག
80a2 ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་གསུམ་དུ་ཚེ་རབས་དྲན་པར་འགྱུར་རོ། ། ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པ་གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་། འགྲོ
80a3 པ་ཐམས་ཅད་དང་རྗེས་སུ་འཐུན་པར་འགྱུར་རོ། ། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ་རྩ་གཉིས་ཀྱིས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས
80a4 གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁུས་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཀྱང་སེམས་ཅན་རྣམས་ཀྱི་དོན་དང
80a5 ཕན་པ་དང་བདེ་བ་དང་མདངས་དང་ལྡན་པར་བྱ་བ་དང་། གཟི་བརྗིད་དང་ལྡན་པར་བྱ་བ་དང་། གྲགས་པ་དང་ལྡན་པར་བྱ་བ་དང་། ཡོན་ཏན་དང་ལྡན་པར་བྱ་བ་དང་། སྟོབས་དང་ལྡན་པར་བྱ་བ་དང་། མདོག་དང་ལྡན་པར
80a6 བྱ་བ་དང་། བསྲུང་བ་དང་སྦ་བ་དང་བསྐྱབ་པའི་ཕྱིར་གཟུངས་ཀྱི་གསང་སྔགས་གཞི་རྣམས་བཤད་དོ།། འདི་ལྟེ་སྟེ། ཨོཾད་ཏེ། པད་ཊེ། ན་ད་ཊེ། ཀུ་ནང་ཊེ། ཊ་ཀེ། ཨ་ཌ་ཀེ། ཏྲ་ཏ་པེ། ཏུ་ཌ་པི། ར་ཊ་ཀེ། ལོ་ལེ། ཧུ་ལེ་ཧི་ལེ་མི
80a7 ལེ། ཏི་ལེ། ཤཱ་ལེ། ཤཱི་ལ། ཨ་ཌྷེ། བཌྷེ། ནཱཌྷཾ། ཀུ་ནཌྷེ། ཨ་ཌ་པྲ་ཏཱི། པེ་ཎ་པ་ཏཱི། ཀ་སེ་ཀ་སེ་ཀ་སེ། ཕ་སེ་ཕ་སཾ་པ་སེ། མ་ཧཱ་ཕ་སཻ་ཕ་སེ་སྭཱཿ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ
80a8 སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ཟུང་ཤིག། ལོང་ཤིག་ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤ་གི། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཀུན་དགའ




iiif viewer powered by OpenSeadragon

79b - 80b

Texts on this page

Q483 - 'phags pa rig sngags kyi rgyal po sgron ma mchog gi gzungs