| | e-texts navigator
|
167b1 ཕྱོགས་པར་འགྱུར་རོ། ། བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ།། འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ།། འབུམ་ཕྲག་གཉིས་བཟླས་ནུ་རིག་པ་འཛིན་པར་འགྱུར་རོ།། འབུམ་ཕྲག་གསུམ་བཟླས་ན་འཇབ
167b2 དཔལ་གྱི་ཞལ་མཐོང་བར་འགྱུར་རོ། ། གལ་ཏེ་མཚོམས་མེད་པ་ལྔ་བྱས་པས་གྲུབ་པའི་མ་གྱུར་ན་དེའི་ཚེ་དེ་ཉིད་མཚམས་མེད་པ་ལྔ་བྱེད་པ་ཡིན་ཞིང་། དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག། རྗེ
167b3 བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཆོ་ག། ཏད་ཡ་ཐཱ། ཨོཾ་ཀྵི། གསང་སྔགས་ཡི་གེ་འབྲུ་གཅིག་པ་འདི
167b4 རབ་ཏུ་གསང་བ་སྟེ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། ལས་ཐམས་ཅད་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལཾ་བསྔགས་ནས་བཅངས་ནས་ན་བ་འབྱང་ངོ་།།
167b5 མིག་ན་བ་ལ་རྒྱ་མཆུ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ།། མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་སྙིང་པ་ལ་ལན་བདུན་ནམ། བརྒྱ་རྩ་བརྒྱད་བསྔགས་ཏེ་བླུད་པ་འམ། རྨ་ཁར་བསྐུས་ན་མཚོན
167b6 ཀྱི་དུམ་བུ་འབྱུང་བར་འགྱུར་རོ། ། ཟས་མ་ཐུ་བ་དང་། ལྟོས་ཏེ་གསུང་བ་དང་། ཆད་པས་འཁྲུབ་ལ་མུ་དང་ཚྭའམ། རྒྱ་མཆུའམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བལ་ལན་བདུན་པསྔགས་ཏེ་ཟོས་ནན་དེ་ལས་ཟོལ་ཏིད་ཉིད་ཀྱི་ཉིན
167b7 པར་སོས་པར་འགྱུར་རོ། ། ཀླད་པ་ན་པ་ལ་བྱ་རོག་གི་སྒོ་ལ་ལན་བདུན་བསྔགས་ཏེ་བྱབས་ན་ནད་དེ་སོས་པར་འགྱུར་རོ།། འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་གཟུངས་རྫོགས་སྷོ།། །། འཕགས་པ་བྱང་ཆུབ་སེམས་དཔའ
167b8 སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པར་ཞེས་བྱ་བའི་གཟུངས། ། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས
iiif viewer powered by OpenSeadragon
167a - 168a