e-texts navigator
Collection
Volume
Page
Wylie

83a1 གི་བདེ་ཆེན་དོན་སྟོན་མཆོག། ཞེས་གསུངས་པད་མའི་རིག་པ་འཛིན།། སངས་རྒྱས་སྲས་བཅས་དགའ་བར་མཛད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་དཔལ
83a2 མཆོག་རོལ་པའི་རྒྱུད་ལས་ཐུགས་རྗེ་སྤྲུལ་པའི་རོལ་བའི་ལེའུ་སྟེ་གཉིས་པའོ། ། །། དེ་ནས་བྱང་ཆུབ་སེམས་དཔའི་གཙོ།། རྡོ་རྗེ་འཆང་བསྟན་ལས་ལངས།། བདེ་གཤེགས་བསྔགས་པ་བརྗོད་བྱེད་ཅིང་།
83a3 བསྐུམ་པས་དབྱངས་ཀྱི་གསོལ་བ་བཏབ།། ཀྱེ་མ་ཧོ་མཆོག་གསུམ་དམ་ཚིག་སྐུ།། ཡེ་ཤེས་བླ་ན་མེད་པའི་བདག། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད།། རྣམ་འཕྲུལ་ཐུགས་རྗེའི་དུས་ཉིད་པས།། རིགས་ཀྱི
83a4 འཁོར་ལོ་དཔག་མེད་སྐུ། ། དེ་རིང་བཀྲ་ཤིས་ཕུན་སུམ་ཚོགས།། ཐུགས་རྗེ་ཆེན་པོ་ཡལ་འདོར་ན།། ཅི་ཕྱིར་ཐེག་ཆེན་མཆོག་ཏུ་སྔགས།། ཡང་དག་ཞུས་པའི་ཚིག་གསན་ནས།། ཐུགས་རྗེའི་དཀྱིལ་འཁོར་གཟིགས
83a5 བར་མཛད། ། མགོན་པོའི་པད་མའི་སྐུ་དེ་ཉིད།། གཟི་ལྡན་ཡུམ་དང་རོལ་མཛད་ཅིང་།། དྲི་མེད་ཡེ་ཤེས་ཕྱོགས་གཟིགས་ཤིང་།། གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ།། ཐེག་པ་གསང་ཆེན་ཆེར
83a6 འབྱུང་བའི། ། ལམ་འདི་དཔལ་ལྡན་རོལ་མོའི་མཆོག། སངས་རྒྱས་སྲས་བཅས་བསྡུད་མཛད་དེ།། གཞན་འཕྲུལ་གནས་ཚོགས་གཡོ་མཛད་ཅིང་།། སྟོང་གསུམ་འདི་དག་སྤྱོད་མཛད་ཅིང་།། ཏིང་ངེ་འཛིན་ལ་སྙེམ
83a7 འཇུག་སྟེ། ། སྐུ་ལས་འོད་ཟེར་སྤྲོ་བར་མཛད།། དེས་ཁྱབ་རིགས་ཀྱི་དཀྱིལ་འཁོར་གསལ།། ཡེ་ཤེས་འོད་མདངས་སེམས་དཔའི་སྐུ།། གནས་ལྔར་གསང་བའི་སྔགས་ཀྱིས་གཞུག། ཕྱག་རྒྱ་ཆེན་པོ་ཡོངས་རྫོགས་སུ།།
83a8 ཞལ་གསུམ་ཕྱག་དྲུག་དགའ་བའི་མདངས།། དམར་གསལ་པད་མ་ར་གའི་མདངས།། གཡས་གཡོན་ཞལ་གཉིས་སྔོ་དང་སེར།། རིགས་རྒྱན་མཚན་མ་ཀུན་གྱིས་མཛེས།། ཕྱག་ན་པད་སྡོང་བུམ་པ་དང་།། རྡོ་རྗེ་རྩེ་ལྔ




iiif viewer powered by OpenSeadragon

82b - 83b

Texts on this page

Q462 - de bzhin gshegs pa thams cad kyi dgongs pa bla na med pa gsang ba rta mchog rol pa'i rgyud chen po zhes bya ba