e-texts navigator
Collection
Volume
Page
Wylie

79a1 རྒྱུད་ཆེན་པོ་ཞེས་བྱབ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་བདེ་བཆེན་པོ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་མ་ལུས་དཱི
79a2 འབྱུང་གནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་གསང་པ་གཞན་ལས་ཁྱད་པར་འགྱུར་བ་མཚན་དང་ད་བྱང་དྲན་སུ་མ་ཚོགས་པས་རྣས་། བཀོད་པརྒྱན་གྱིད་དཀྱིལ་འཁོར་ལྡན་པོ་རྟགས་ཤིང་ཡོན་ཏན་རི
79a3 པོ་ཆེའི་འབྱུང་གནས་སྔ་ཚོགས་རྣམ་པར་སྣང་བའི་ར་བོ། ཟབ་པ་དང་རྒྱ་ཆེ་བའི་ལྡན་གསས་གསལ་བུར་བྱེད་ང་ས་ཤེས་ཀྱི་ཚོགས་ཀྱིས་ཆོས་མ་ལུས་པ་མཐར་ཕྱིན་པ། ཀུན་དུ་ཟིན་ལས་རྩ་ཆེར་འཕྲུལ
79a4 འི་བདག་ཉིད། ། དཔལ་བདེ་བྱེད་པད་མ་གར་གྱི་དབང་ཕྱུག་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་བརྙེས་པ་མེད་པའི་ཆོས་ཉིད་ཀྱིས་ཐམས་ཅད་ལ་དབང་བསྐུར་བ་དེ་ཉིད། ལྷ་ཐམས་ཅད་འདུ་བའི་གནས་གཞལ་ཡས་ཁང
79a5 བར་དུ་གྱུར་པ། འོག་མིན་རྡོ་རྗེ་ལྷུན་པོའི་གནས་ཡེ་ཤེས་ཀྱི་སྣང་བ་རིན་པོ་ཆེ་སྣ་ཚོགས་ནི་འོད་འབར་བའི་ཁང་བཟངས། འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྣ་ཚོགས་དང་དྲི་ཞིམ་པ་སྣ་ཚོགས་དང་རོ་བྲོ་བ་སྣ་ཚོགས
79a6 དང་རིག་བྱ་འཇམ་པ་སྣ་ཚོགས་དང་ཆོས་ཀྱི་བདེ་བ་བསྐྱེད་པ་སྣ་ཚོགས་ཕྱོགས་བཅུར་འགྲོ་ཞིང་འཕྲིག་པ་རྩེ་མོ་མཐོ་ཞིང་ཁྱམས་ཀྱི་རྣམ་པར་ཕྱེ་བར་སྒོ་བཞི་ནི་ཁང་དང་བཅས་པར་བཞུགས་སོ། ། དེའི་ཚེ་བདེ་བར་གཤེས
79a7 པའི་རོལ་པ་ཆེན་པོ་ཀུན་ཏུ་སྣང་བ་དང་། འོད་ཀྱི་དཔལ་དང་། དགའ་བའི་དབང་ཕྱུག་དང་།། ཆོ་འཕྲུལ་བཀོད་པ་དང་། རྣམ་པར་གཟིགས་དང་། མི་བསྐྱོད་རྡོ་རྗེ་དང་། མངོན་པར་སྣང་བ་དང་། བརྟན་པའི་དབང་ཕྱུག་དང་། འབྲུག
79a8 སྒྲ་དང་། དྲི་མ་མེད་པ་དང་། རིན་ཆེན་ཕུང་པོ་དང་། ནམ་མཁའི་མཛོད་དང་། རིན་ཆེན་དྲ་བ་དང་དཀོན་མཆོག་མཚན་དང་། རིན་ཆེན་རྟོག་དང་། འོད་ཟེར་སྣང་བ་དང་། ཚེ་མཐའ་ཡས་དང་། ཆོས་ཀྱི་དབང་ཕྱུག་དང་། ཆགས




iiif viewer powered by OpenSeadragon

78b - 79b

Texts on this page

Q462 - de bzhin gshegs pa thams cad kyi dgongs pa bla na med pa gsang ba rta mchog rol pa'i rgyud chen po zhes bya ba