| | e-texts navigator
|
78a1 ཨུ0f7fདྷ་བ་ཧོ་བྷྱདྷ།། ད་ནས་ཡང་བཅོམ་ལྡན་འདུས་འདམ་དཔལ་ལ་ཤེས་སེམས་དབུལ་ལབའི་རྒྱལ་བདལ་འདིན་མས་གས་པ་།། དེས་པར་བསྟན་པའི་རྒྱུ་ག
78a2 ཞེས་བགྱི་བ་ཇི་ལྟར་ལགས། ། ཡུངས་དཀར་བསྒྲུབ་པ་ཇི་ལྟར་ལགས།། དེ་ཡིས་ལས་ནི་ཅི་ཞིག་འགྲུབ།། ཕུར་བུ་ཞེས་བགྱི་ཇི་ལྟར་ལགས།། དང་པོ་དམ་བཅའ་ཇི་ལྟར་ལགས།། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ལ། དེ།
78a3 སྐད་ཅེས་ནི་ཞུས་པ་དང་།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཚེ་ཞེས་བྱ་བའི་དོན་འདི་ཡང་།། ཆོས་ཉིད་སྤྲོས་པ་མེད་པ་ལ།། ཀུན་དུ་མི་འགྱུར་ནམ་མཁའ་འདྲ།། བསྐྱོད་མེད་དུ་ཀྱི་གཤིག་ཏུ་མེད།། འགྲོ་བ་འཁྲུལ
78a4 པའི་ངོ་གང་ལ། ། བག་ཆགས་ངན་པས་བསླུས་པ་ཡིས།། ཚེལ་བར་ཆོད་འོང་བར་གསུངས།། དེ་ཕྱིར་ཚེ་ཡི་བསྒྲུབ་པ་གསུངས།། །། ཡུངས་དཀར་བསྒྲུབ་པའི་མཚན་ཉིད་ཀྱང་།། བག་ཆགས་འཁྲུལ་པས་གནོད་འགྱུར
78a5 གམི་མཐུན་པ་དང་གཉེན་པོ་སྟེ། ། དེ་དག་འདུལ་བའི་དོན་དུ་བསྟན།། དེ་ནི་ལས་ཀྱི་འབྲས་བུ་ཡང་།། སྔོན་ནས་ལས་ངན་མཐུ་རྟགས་ཏེ།། མི་མཐུན་པ་དེ་འགུགས་པར་བྱེད།། དེ་ནས་ཡུངས་དཀར་རྒྱལ་པོས་བྱའོ།། ཕུར
78a6 བུ་ཞེས་སུ་བསྟན་པ་ཡང་། ། བདག་ཉིད་ཁྲོ་བོ་ཆེན་པོ་སྟེ།། གཉིས་མེད་མཁའ་ལ་གནས་བསམས་ཏེ།། ཕུར་བུ་ཞེས་ནི་དེ་ལ་བྱའོ།། ཕྱོགས་བཅུའི་ཐུགས་ལས་སྐྱེས་པ་སྟེ། དེ་ཕྱིར་ཕུར་བུ་ཞེས་སུ་བསྟན།། དང་པོར་དམ་བཅས་འདི
78a7 ལྟར་རོ། ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་།། གོས་ངན་རེ་བ་གོན་པ་དང་།། ཟས་ངན་གཅིབཟ་པའི་ཚེ།། ད་ཚེ་དེ་ཡི་བསྐྲུན་པ་འབྱུང་།། དུས་ངན་ཐ་མ་བྱུང་བའི་ཚེ།། ལྷ་མོའི་ནང་ན་འོད་ཟེར་ཅན། འཕམ
78a8 པའི་ནང་ན་འཇམ་དཔལ་གཉིས། ། འདི་གཉིས་མ་གཏོགས་དངོས་གྲུབ་གཞན།། རིགས་འཛིན་ཀུན་ལ་མ་ཡིན་ནོ།། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི།། ངེས་པར་དབང་དུ་མ་གྱུར་པའི།། དང་པོ་འདས་དང་ད་ལྟར་གྱི། ཕྱིས
iiif viewer powered by OpenSeadragon
77b - 78b