| | e-texts navigator
|
77a1 ཟངས་ལྟ་བུ། ཡུམ་ཡང་དེ་དང་འདྲ་བར་བསྒོམ།། ལྷ་རྣམས་གཞུང་བཞིན་སྐྱེད་པ་ནི།། མཐར་བྱེད་འབྱུང་བའི་བཟླས་པའོ།། ཡ་མར་ཅས་ཏོམ་ལ།། ཆེ་ག་མ་ཧཱ་ཧཱུཾ་བ་ཤང་ཀུ་རུ་སྭཱ་ཧཱ།། ཡ་མ་ཏོནན་མ
77a2 ཏཡ། ཆེ་གེ་མོ་ཧུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ།། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ།། ཆེ་གེ་མོ་ཧུ~ཾཏྟ་ཕཊ་ཕཊ། ཀ་ལ་རུ་བྱཱ་སྭཱ་ཧཱ། ཡཀྵེ་ཡ་ཙ་ནཱི་ར་མ་ཡ་ཆེ་གེ་མོ་ཧུ~ཾ་ཧཱུ~ཾ་ཕཊ་ཕཊ། ཀ་ལ་རུ་བ་ཧུཾ་ཧཱུཾ་ཕཊ་ཕཊ།། ། སྔགས་ཀྱི་བཟླས་པ་བྱས
77a3 ནམི། བླ་མེད་སངས་རྒྱས་ཐམས་ཅད་ཀྱང་།། འདུ་ཞེས་གསུངས་ཏེ་གདོན་མི་ཟའོ།། ལྷ་ནི་སྒྲ་མདོག་ལྕགས་ལྟ་བུ།། མཐིང་ཀ་རབ་ཏུ་ཁྲོས་པ་ལ།། གཅེར་བུ་རལ་པ་གཅིག་སྟེ་འཇིགས།། མ་དྲངས་འདུལ་བ་བསྒོམ
77a4 ནས་ནི། བཟླས་པ་འདི་ནི་དྲག་ཏུ་བཟླས།། ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ་ཨ་མུ་ཁམ་པྲ་མ་ཡ་ནི་ཧུ~ཾ་ཕཊ། ཡ་མ་ཏོ་རུན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཁ~ཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་ག་ཨ་མུ་ཁཾ་རག་ཏ
77a5 ཙར་ཧུ~ཾ་ཕཊ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཁཾ་མ་ར་ཡ་ཧཱུཾ་ཕཊ།། བདག་ཉིད་འཇིགས་བྱེད་སྐུར་བསྒོམས་ལ།། སྔགས་ཀྱི་ཕྲེང་བས་ཕོག་འགྱུར་ན།། མངོན་ཤེས་ལྡན་པའི་སངས་རྒྱས་ཀྱང་། འཆི་བར་འགྱུར་བར
77a6 གདོན་མི་ཟ། ། ཞི་བའི་དུས་སུ་བཟླས་པ་ཡིས།། དང་པོས་སེམས་ནི་གཡོས་པར་འགྱུར།། གཉིས་པས་ཡིད་ལ་འབྱུང་བར་འགྱུར།། གསུམ་པས་དཀར་པོའི་ངོ་བོ་དང་།། བཞི་པས་ཐམས་ཅད་ཞི་བར་འགྱུར།།
77a7 རྒྱས་པའི་དུས་སུ་བཟླས་པ་ཡིན།། དང་པོས་དཔལ་ཡང་འཕེལ་བར་བྱེད།། གཉིས་པས་དབང་ཐང་སྐྱེད་པར་བྱེད།། གསུམ་པས་གཟི་བྱིན་རྙེད་འགྱུར་ཏེ།། བཞི་པས་ཚེ་རིང་མ་ལུས་རྒྱས་པར་འགྱུར།། དབང་གི་དུས་སུ
77a8 བཟླས་པ་ཡིས། ། དང་པོས་སེམས་ཀྱང་གཡོས་པར་བྱེད།། གཉིས་པས་འཇུག་པར་ནུས་པ་སྟེ།། གསུམ་པས་དམིགས་པ་དབང་དུ་འདྲ།། བཞི་པས་ཐམས་ཅད་དབང་དུ་འདུའོ།། དྲག་པོའི་བཟླས་པ་བྱས་པ་ཡིས།།
iiif viewer powered by OpenSeadragon
76b - 77b