e-texts navigator
Collection
Volume
Page
Wylie

75a1 ལ་ལ་ལག་ན་རྒྱུ་ཞགས་འཆང་། ། ལ་ལ་ལག་ན་ཐོད་ཕྲེང་འཛིན།། ལ་ལ་ཞིང་ཆུད་བ་སུ་འདྲེན།། ལ་ལ་མེ་ཁྱེར་རྒྱ་མཚོ་སྐམས།། ལ་ལ་འགུགས་བྱད་ཉམས་པ་འཛིན།། ལ་ལ་སྦྲུལ་ནག་ཞགས་པ་འཛིན།། ལ་ལ་ཕོ
75a2 ཉའགུགས་ཤིང་འདྲེན། ། སྔགས་པས་བོས་ཤིང་གདུངས་པའི་ཚེ།། དམ་ཚིག་དུས་ལ་བབ་པོ་ས་མ་ཡ།། སྡང་བར་སེམས་པའི་སྙིང་ནས་དྲོངས།། བརྩེ་བའི་ཚོགས་ཀྱིས་དུས་ལ་བབ།། ཨོཾ་ཀ་ཏ་ཏྲཀ་རག་ཤ་རད་ན་ཀ་ལ
75a3 ཏྲིཥྚི་སྭཱ་ཧཱ། ། ཞེས་སྤྱན་དང་ཞིང་བསྐུལ་བ་ནི།། གཏེར་བདག་གི་ཚོགས་སོ།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ལས་བཞི་འཁོར་ལོ་འདི། དུས་ཕྱི་མ་ལ་རྣལ
75a4 འབྱོར་པ་གང་ཞིག་བསྒྲུབ་པའི་ལས་བྱེད་ན། ད་ཡང་ཐུགས་དམ་ལས་མི་གཡེལ་ལ། འཁོར་ཁྲོ་བོ་དང་། ཁྲོ་མོ་ལ་སོགས་པས་ཀྱང་། ངའི་ཐུགས་དམ་རྗེས་སུ་བསྒྲུབ་པར་མཛད་པས། དུས་ཐ་མལ་དམ་པའི་ཆོས
75a5 འདི་རྣལ་འབྱོར་པའི་སྐུ་ལ་བསྔོ་བ་ལ་སོགས་པ་ལ་དམ་ཚིག་འབྱུང་བར་ཞལ་གྱིས་བཞེས་སོ། ། དེ་ནས་འཁོར་རྣམས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཤིན་རྗེས། དུས་ཐ་མ་ལ་འབྱུང་བར་ཞལ་གྱིས་བཞེས་པ
75a6 ལ་དགའ་ནས་ཡིད་ར་ངོས་ཏེ། མངོན་པར་བསྟོད་དོ།། །། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་མཇུག་བསྐུལ་བ་དང་གནད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། འཕགས་པ་ལས་བཞི་འཁོར
75a7 ལོགས་རབ་ཆེན་པོ་རྩ་བའི་རྒྱུད། ། རྫོགས་སྷོ།། །། དེ་ནས་འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས།། ངག་འཐུན་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་བཅོམ
75a8 ལྡན་ཁྲོ་རྒྱལ་གཙོ། ། ལས་བཞི་འཁོར་ལོའི་རྒྱུད་འདི་ལ།། ངོ་མཚར་རྨད་བྱུང་བསྟན་པ་ལ།། བདག་ཅག་ཐེ་ཚོམ་འཚལ་བ་རྣམས།། བདེར་གཤེགས་གསུང་གི་ངོ་བོ་ཡིས།། ཞུ་བའི་དམིགས་རྣམས་བཤད་དུ




iiif viewer powered by OpenSeadragon

74b - 75b

Texts on this page

Q461 - 'phags pa 'jam dpal las bzhi 'khor lo gsang ba'i rgyud