e-texts navigator
Collection
Volume
Page
Wylie

74a1 སྲིད་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས།། ཕྱག་གཡས་ཆུ་སྲིན་དབྱུག་ཏོ་བསྣམས་པ་ནི།། དགྲ་བགེགས་འཇིགས་པ་ཆེ་ལས་སྒྲོལ་བའི་རྟགས།། གཡོན་པ་ཞིང་དབྱུག་ཕྱག་ན་བསྡམས་པ་ནི།།
74a2 ཐུགས་རྗེས་སེམས་ཅན་མྱ་ངན་ལམ་ལ་འཇོག། ཀོ་རློན་གཡང་གཞིས་སྐུ་ལ་བརྒྱན་པ་ནི།། དུག་ལྔ་མ་སྤངས་གནས་སུ་དག་པའི་རྟགས།། སྟག་གི་གཡང་གཞིས་སྐུ་ལ་བརྒྱན་པ་ནི།། དུག་གསུམ་གནས
74a3 བསྒྲལ་ནས་ཆོས་ཀྱི་སྐུ། ། སྐྱེ་མེད་དང་ལ་གཡོ་བསྐྱོད་མི་མངའ་ཡང་།། ཞེ་སྡང་ཕྲིན་ལས་བྱ་བའི་དུས་ལ་བབ།། ཨོཾ་ཧྲིཥྚི་ཡ་མ་ར་ཙ་སརྦ་མ་ར་ཡ་ནན་ཛ་ས་མ་ཡ།། ཞེས་བརྗོད་ཅིང་ཞེ་སྡང་དང་ལྡན་པར་ཏིང་ངེ
74a4 འཛིན་གྱིས་བཟླས་པ་དང་སྦྱར་ཏེ་ལས་བྱས་ན་གདོན་མི་ཟའོ། ། དེ་དག་ནི་འདི་འོས་པ་ཙམ་གྱིས་མ་ཡིན་ཏེ།། ཡང་ད་དེ་ཡང་དུ་དྲིས་པར་བྱས་ལ་ནན་ཏན་གྱི་མ་བྱས་ན་འཕྲལ་དུ་ཕྲ་མོ་ཙམ་གྱིས་འགྲུབ་པ་མ
74a5 ཡིན་ནོ། ། །། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ཡ་མ་མཐར་བྱེད་ཀྱིས་གནན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་ལས་ཕྲན་ཚེགས་བསྒྲུབ་པ་འདི་ཉིད་སྐུ་དང
74a6 གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། ། ཟླ་བ་འདྲ་བའི་དཀྱིལ་འཁོར་ལ།། པད་མ་འམ་འཁོར་ལོ་གང་ཡང་རུང་།། ཡང་ན་རིན་ཆེན་དྲ་བ་ལ།། དྲ་མིག་རྣམས་ནི་འདུག་པར་གནས།། རིན་ཆེན
74a7 ཕུར་བུ་ནང་དུ་བལྟས། ། དེ་རུ་བྲི་འམ་གཟུགས་པར་བྱ།། ཐ་མ་སྦྲུལ་གྱི་ཞགས་པས་བསྐོར།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། ཁྲུ་གང་ཐུར་དུ་བསྐོས་བྱས་ལ།། ག་འུ་ཁ་སྦྱར་ནང་དུ་ནི།། ཡུངས
74a8 དཀར་བླུགས་ལ་བཟླས་པ་བྱ། ། རྟགས་ལ་མ་ཡེངས་འཕྲོ་འདུ་ཡིས།། རྒྱུན་མི་འཆད་པར་བསྒྲུབ་པར་བྱ།། ཨོཾ་བཛྲ་ཀ་ལ་ད་དུ་ཁ་ལ། བྲ་མ་རྟན་ཧཱུཾ་ཕཊ། སླེ་ཁ་སླེ་ཁ་ཕཊ་ཕཊ་ཅེས་བཟླས་ལ།། བདག




iiif viewer powered by OpenSeadragon

73b - 74b

Texts on this page

Q461 - 'phags pa 'jam dpal las bzhi 'khor lo gsang ba'i rgyud