| | e-texts navigator
|
62b1 ཞེས་གསུངས་པས། འཁོར་རྣམས་རབ་ཏུ་དགའ་མགུ་རངས་པར་གྱུར་ཏེ། འདི་སྐད་ཅེས་གསོལ་ཏོ།། སྐུ་གསུང་ཐུགས་ཀྱིས་འགྲོ་བ་རང་རང་འདུལ།། དབྱིངས་ལས་འདྲེན་པ་རྡོ་རྗེ་གསོར་བྱས་ཏེ།། འདི་ལྟར་འདུལ་བར་མཛད་པ
62b2 ངོ་མཚར་ཆེ། ཞེས་བརྗོད་དོ།། སྐུ་ལ་ཞུགས་ནས་མི་སྣང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེག་པ་ཐམས་ཅད་ཁྲོ་བོས་འདུལ་བར་མཁྱེན་ནས་འདི་སྐད་ཅེས་གསུངས་སོ།། ཁྲ་དང་སྤྱང་ཀི་སྲིན་མོ་མུ་སྟེགས་རྣམས།། བདུད་དང་ལོག་འདྲེན
62b3 ཐམས་ཅད་ཚར་གཅད་ཕྱིར། ། ཆོས་ཉིད་སྒྱུ་མ་ལྟ་བུ་སྤྲུལ་ནས་ཕྲིན་ལས་མཛད་ཅེས་གསུངས་པས། འཁོར་རྣམས་ངོ་མཚར་དུ་གྱུར་ཏེ། འདི་སྐད་དུ། ཨེ་མའོ་ཆེ་བའི་ཡོན་ཏན་ཀུན་ལ་ཁྱབ་པ་ལ།། ངང་གིས་ཁྲོ་བོར་བསྟན་པ
62b4 འདི་ལྟ་བུ། ངོ་མཚར་རྨད་བྱུང་སྤྲུལ་པ་འདི་ལྟ་བུ། རབ་ཏུ་མི་སྲུན་འདུལ་བ་ངོ་མཚར་ཆེ། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་བསྐུལ་བར་འདི་སྐད་ཅེས་གསུངས་སོ།། ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི།།
62b5 ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན།། ཁྲོ་བོ་བཞི་དང་བརྒྱད་དང་བཅུ་ལ་སོགས།། སྟོན་པ་མཆོད་ཕྱིར་ཁྲོ་བོ་མང་པོ་བསྟན།། དང་ཁྲོ་ཀུན་ཁྱབ་ཤུགས་ཁྲོ་རང་རང་འདུལ་བ་ཡི།། བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ།། མཚན
62b6 མ་དྲག་པོ་ཞི་བ་དབང་དང་རྒྱས། ། གོ་རིམས་བཟློག་སྟེ་རབ་ཏུ་བཤད་པ་བྱ།། ལྟེ་བར་བཅས་པའི་རྩིབས་ཅན་ལ།། འཁོར་བ་གཅོད་བྱེད་རྩེ་མོ་ཅན།། གྲུ་གསུམ་ཨེའི་ཕོ་བྲང་ལ།། ཟླ་གམ་རྣམ་གསུམ་དབང་གི་ཚུལ།། མུ་ཁྱུད
62b7 རང་ཅན་རྒྱས་པ་ཕྱི། ། རྣམ་བཞིར་ལྡན་པའི་འཁོར་ལོ་ལ།། རབ་ཏུ་མཛེས་པའི་ཐིག་གདབ་བོ།། དབུས་སུམ་ཧེའི་ཞིང་གདན་ལ།། རྩེ་དབུས་ཞིང་བརྐྱང་རེ་རེའི།། རུས་པ་ཚོགས་ཀྱི་རྦ་རླབས་བྲག་ཏུ་སྤུངས།། རག་ཏ་ཁྲག་གི་རྦ་གློང
62b8 མཚེ་ལྟ་བུ། གནམ་ལྕགས་ངུར་མོ་རབ་ཏུ་ཏ་ལ་ལ།། དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤས་མོ།། དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད།། སྐྲན་ནག་པོ་དུག་འདྲ་ལ།། དབུ་གསུམ་དཀར་དམར་མཐོང་བ་སྟེ།། རལ་པ་ཁམ་ནག་སྲིད
iiif viewer powered by OpenSeadragon
62a - 63a