| | e-texts navigator
|
62a1 མངའ་ཆོས་ཉིད་མད་པོཆེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ།། སྤྲུལ་པའི་སྐུ་དང་གསུང་ནི་དོན་དམ་ཀུན་དུ་སྦྱོར།། ཕྱོགས་བཅུ་བདེ་བར་གཤེགས་པ་ཐུགས་ཀྱི་དཔལ།། ཡང་དག་ཡེ་ཤེས་དཔལ་ཡིན་འཇམ་དཔལ་ཡིན།
62a2 ཞེས་བསྟོད་དེ་གཉིས་སུ་མེད་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་དམ་པ་དེ་ལ་འཁོར་གྱིས་དེ་བཞིན་དུ་གསོལ་པ་ལ་དགྱེས་ཏེ།། འདི་སྐད་ཅེས་གསུངས་སོ།། ཞི་བ་གཉིས་མེད་ཆོས་ཀྱི་ངང་ཉིད་ལས།། སྙིང་པོ་གཉིས་མེད་བྱང
62a3 ཆུབ་སེམས་དཔའི་དོན། ། ཐམས་ཅད་འདུས་པའི་བླ་མེད་དམ་པ་སྟེ།། དེ་བཞིན་གཤེགས་པའི་སྙིང་པོ་འདི་བཤད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཏི་ཐཱ་ག་ཏ་བ་བཏི། བོ་དྷི་སཏྭ་དྷརྨ་དྷ་དུ།། ཨེ་ཧྱེ་ཧི་ཛ་ཧྲཱི་ཧི་ཧི་ཧྱེ་ཧི་ཧྲཱི་ཧཱུཾ་ཧཱུཾ། ཞེས་བརྗོད་ནས། བརྡས
62a4 མཚོན་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་སྟེང་གི་ཕྱོགས་སུ་སེམས་ཅན་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགསོ།། སྙོམས་པར་ཞུགས་པས་ཕྱོགས་ལ་ཕྱོགས་སུ་བལྟས་སྟེ། རང་བཞིན་གྱིས་སྒྲོལ་བའི
62a5 ནུས་པ་ཅན་དུ་གྱུར་ཏེ། ཐམས་ཅད་ཀྱང་སྒྲོལ་བར་གྱུར་ཏོ།། དེ་ནས་ཡུམ་གྱི་ཚོགས་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་བརྡའ་འདིས་བཅོམ་ལྡན་འདས་ལས་སྐུལ་ལོ།། ཨེ་མའོ་ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི།། ཡེ་ཤེས་འདུས
62a6 པའི་ཕྲིན་ལས་མཆོག། བླ་མེད་ཐེག་པ་ངེས་པ་ལ།། སྦྱོར་བ་མཆོག་གིས་བཤར་དུ་གསོལ། ཞེས་བསྐུལ་བས།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་གྱུར་ཏོ།། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ
62a7 རྣམས་དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ཐམས་ཅད་དང་བཅས་ནས་སྐུའི་རྒྱན་གྱིས་བརྒྱན་ཏེ། ། སོ་སོའི་བཙུན་མོའི་དགྱེས་པས་སྐུའི་ཉམས་སུ་བཏང་བར་གྱུར་ཏོ།། ད་ལྟར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད
62a8 བསྐྱལངས་སྟེ། ། འདི་སྐད་ཅེས་ཆེད་དུ་བརྗོད་དོ།། སྐུ་གསུང་ཐུགས་རྣམས་འགྲོ་བ་སོ་སོར་འདུལ།། རང་གིས་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་།། ཕྲིན་ལས་རྣམ་བཞིས་འགྲོ་བ་སོ་སོར་འདུལ།། དེ་ཕྱིར་མཆོག་གི་རྒྱལ་པོ་འདི་བཤད་དོ།།
iiif viewer powered by OpenSeadragon
61b - 62b