| | e-texts navigator
|
60b1 པོས་བསྟག། ། ཀ་ལ་ཆེན་པོ་ལས་སོགས་ཏེ།། རྡོ་རྗེ་ཆགས་འོག་ལྡེགས་པའི་རྣམས།། དུས་གཅིག་ཏུ་ནི་ཙི་ཏཏ་འབྱིན།། སྟིར་ཆེན་པོའི་རྔ་སྒྲ་ཡིས།། སྲིད་པ་ཁྲག་གི་རྒྱ་མཚོར་བསྐྱིལ།། དུས་གཅིག་ཏུ་ནི་དབང་ཆེན་རྫོགས།། རྔ་སྒྲ་རིན
60b2 ཆེན་ཁང་པ་བརྩེགས། ། བསམ་རྫོགས་ཆེ་ལ་དབང་ཐང་ཐོབ།། རྔ་སྤྲས་གཡོ་བ་མེད་པར་བྱེད།། ཆོས་ལ་འཛུད་པའི་སྒྲ་ཡང་འབྱིན།། རྔ་སྒྲས་ཅི་འདོད་དགོངས་པ་རྫོགས།། བྱང་ཆུབ་སེམས་ལྟར་དེ་མ་ཐག། ཅེས་གསུངས་པ་དེ
60b3 བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་སྦྱོར་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་ཀྱི་དཀྱིལ་འཁོར་བླ་མ་ཆེན་པོ་མན་ངག་གི་སྙིང་པོ་དང་བཅས་པ་དེ
60b4 ལ་ཤིན་དུ་རྔམ་པའི་མདངས་ཀྱིས་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། ། ཧཱུཾ་གཏུམ་ཆེན་དུས་མཐིང་མེ་ལྟར་འབར།། འོད་ཟེར་ཉི་མ་འབུམ་གྱི་གཟི།། ཁྲོ་གཉེར་གློག་སྟོད་འགྱུར་བ་བཞིན།། མཆེ་བཟང་ཡག་ཟ་བྱེད་ཆེ། ཧོ། ཧཱུཾ
60b5 རྔམ་པའི་ང་རོ་འབྲུག་སྟོང་ལྡིར། ། ཏུག་ཆེ་མ་རི་རབ་འབུམ་རྙིལ་སྐད།། ཨ་ལ་ལ་ཡི་གད་རྒྱངས་ཆེ།། དབྱུགས་པའི་འཐོར་རླུང་གཡེང་བ་ཆེ། ཧོ་ཧཱུཾ་ཁྲོ་བོའི་ཤེས་རབ་འོད་པོ་ཆེ།། ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ།། འབར
60b6 བའི་ཡེ་ཤེས་ཀུན་དུ་འཇོམས། ། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། ཏོ། ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ།། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བས་གཏེར།། སྣ་ཚོགས་ཁྲོས་པའི
60b7 ཐིག་ལེ་ཆེན། ། ཏོ་ཧཱུཾ་བདུད་རྣམས་ཀུན་གྱི་བདུད་ཆེན་པོ།། བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས།། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ།། འཇིགས་བྱེད་ཆེན་པོ་གདལ་བ་ཆེ།། ཧཱུཾ་རྡོ་རྗེ་བྲག་ཆེན་སྲབ་པོ།། རྡོ
60b8 རྗེ་ཆུ་བོ་སྡུད་ཆེན་པོ། ། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ།། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ།། ཏོ་ཧཱུཾ་སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་ཚོགས།། འཇིགས་བྱེད་མཚོན་དུ་མེད་པའི་སྐུ།། སྣ་ཚོགས་གསུང་དང་སྣ་ཚོགས་ཐུགས།། འཇིགས
iiif viewer powered by OpenSeadragon
60a - 61a