e-texts navigator
Collection
Volume
Page
Wylie

59a1 ར་གྱལ་བར་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཡང་དག་པའི་ཕྲིན་ལས་ཆེན་པོ་འདམ་བྱོན་པའང་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་སྒྲ་གསུང་ཐུགས་ཡོན་ཏན་ཟིན་ལས་རྡོ་རྗེ་ལས་བྱུང་མ
59a2 ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་གཏུམ་ཆེན་རྔམ་པ་ལ།། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩི་ལྔའམ་ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱ།།
59a3 བཀུག་ནས་རྡོ་རྗེའི་ཕུར་པས་གདབ།། རྡུལ་དུ་བྱས་ནས་ཚོགས་ལ་འབུལ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། བཅིངས་གྱུར་པ་སྐྱོད་ནས་ཕྱོགས་བཅུར་གཡོས།། མྱོས་འགྱུར་གས
59a4 ཏེཆོག་པར་འགྱུར། ། བ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བའི་གཟི་བརྗིད་ལྷུན་ཆེན་ལ།། ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། རྡོ་རྗེ་གསུམ་ཡང་དབང་དུ་འགྱུར།། དུད་རྩི་ལྔའམ་ཟས་ལྔ་ལ།། མཚན་མཆིད།
59a5 དུབཅས་པར་བྱ།། རྡོ་རྗེ་ཆགས་པའི་ཕུར་བས་གང་བ།། ཆགས་པའི་ཚོགས་ལ་ཐིམ་པར་དབུལ།། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྤེལ་བསྡམས་ནས།། ཅི་འདོད་དེ་བཞིན་བྱེད་པར་འགྱུར།། མ་ཡི་ཚོགས
59a6 ཀྱི་དཀྱིལ་འཁོར་མཆོག། འབར་བའི་འདུ་འགྲོའི་གཟི་ཆེན་ལ།། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག། ང་རྒྱལ
59a7 དགའ་འཕྲོའི་ཕྲེང་བས་གང་བ། ། རྡོ་རྗེ་གཟི་བརྗིད་འཕེལ་བར་བརྟག། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ།། ཡིད་བཞིན་ནམ་མཁའི་མཐའ་དང་མཉམ།
59a8 མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། གསལ་བའི་གཟི་བརྗིད་འཚེར་བ་ལ།། དང་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། གཏུམ་ཆེན་རྔམ་པོའང་ལྷནནར་འགྱུར།། བདུད་རྩི་ལྔའམ་ཟས་ལྔ་ལ།། གཏུམ་ཆེན་འཇུག་པའི་དབོར་བརྟག




iiif viewer powered by OpenSeadragon

58b - 59b

Texts on this page

Q460 - gsang ba'i snying po de kho na nyid nges pa'i bla ma chen po'o