| | e-texts navigator
|
58b1 བཞི་དུ་གཉིས་པོ་ཡང་། ཐིག་པ་ཉིད་ལས་གཞཞནན་མེད། བན་ལལས་དང་གཅག་པ་ཡང་།། ཐིག་ལེས་མས་ཀྱང་ང་དྲུགས་ལ།། འགྲུ་བ་འདོན་དུ་འབྱུང་བ་ལ།། དགུ་དང་སྟོང་ཕྲག་བརྒྱ་བཅུབ་ཏེ། བྱང་ཆུབས་པས་ལས་གཞན
58b2 མེད། ཁང་སྐྱེད་སྡུག་བསྔལ་མང་པོ་ཡང་།། རྟོགས་པ་བདེ་ཆེན་དབྱིངས་ཀྱི་ན།། ཡེ་ཤེས་ཡེ་ཤེས་རོལ་པ་ཡང་།། རྡོ་རྗེ་སྙིང་པོའི་དབྱིངས་སུངས།། ཀུན་བཟང་རྡོ་རྗེ་སེམས་དཔའ་དང་།། དུས་གསུམ་རྒྱལ་བ་རྒྱ་མཚོ་རྣམས་ཉྩག
58b3 གཅིག་ཡབ་ཏུ་ངེས་པར་རྫོགས། ། ཐར་པའི་ལམ་མཆོག་དབྱིངས་ཀྱི་ཡུམ།། ཀུན་དུ་བཟང་མོ་ལས་སོགས་ཀྱང་།། ཐིག་ལེ་མ་ཡིད་དདུགས་ལ།། གཞལ་ཡས་ཁང་དང་དཀྱིལ་འཁོར་དང་།། བཞུགས་གནས་ཁྱད་པར་མང་པོ་ཡ།
58b4 ཡེ་ཤེས་ཆེན་པོའི་གནས་སུ་བསྡུ།། མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན།། རིགས་པའི་བྱང་ཆུབ་སེམས་ཆེན་པོ།། ཆོ་འཕྲུལ་ཆེན་པོའི་དང་དུ་འདུས།། རྒྱུ་འབྲས་གཉིས་ཀྱི་ངོ་བོ་དང་།། ཆོས་སོ་ཅོག་གི་རང་བཞིན་རྣམས།། བྱང་ཆུབ་སེམ།
58b5 སུ་ངེས་པས་ན།། དཀར་ནག་ལས་ཀྱིས་མ་གསུངས་སོ།། བྱང་ཆུབ་སེམས་ཀྱི་བདེ་ཆེན་ནི།། ཅི་ཡང་མེད་ལས་ཅིར་ཡང་སྣང།། ཅིས་ཀྱང་མ་བཅོས་གཡུང་དྲུང་སྐུ།། ཅིར་མི་མཛད་ལ་ཐམས་ཅད་སྒྲོལ།། དམིགས་པ་མེད་པར་ཀུན་ལ
58b6 ཁྱག་པ་བསྐོས་རྒྱལ་པོ་ཡང་དག་པ། ། མ་སྦྱངས་ཡེ་ཤེས་སྙིང་པོ་ཆེ།། མ་བསྒོམས་གཅིག་ཅར་དོན་ཉིད་རྫོགས།། མ་བསྐབས་རྒྱལ་བ་ཀུན་གྱི་གཙོ།། མ་སྦྱངས་སྐྱོན་དང་ཡོན་ཏན་མེད།། ཚིག་དང་ཡི་གེས་མི་མཚོན་ཏེ།། སངས་རྒྱས
58b7 ཉིད་ཀྱིས་རྙེད་པར་དཀའ། ། ཀུན་བཟང་རྡོ་རྗེ་སེམས་དཔའ་ཡིས།། རྙེད་ནས་རྫོགས་པའི་དཀྱིལ་འཁོར་སྤྱོད།། སྤྱོད་པས་འགྲོ་བསྒྲོལ་བ་སྟེ།། དེ་ལ་ཉེས་པའི་སྐྱོན་མི་མངའ།། ཞེས་གསུངས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས
58b8 པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་སྟུག་པོས་བརྒྱན་པའི་རྒྱན་ཉིད་ཏུ་བཞུགས་སོ། ། སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་མན་ངག་སྙིང་པོ་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་ཡེ་ཤེས
iiif viewer powered by OpenSeadragon
58a - 59a