| | e-texts navigator
|
98a1 ཐུགས་ཀར་དཀར་པོ་ལ། ། ཐིག་ལེ་ཁ་ནི་མར་ལྟ་བའོ།། ཡུམ་གྱི་ཐུགས་ཀར་དམར་པོ་ལ།། ཐིག་ལེ་ཁ་ནི་མར་ལྟ་བའོ།། ཡབ་ཀྱི་ཐིག་ལེའི་དབུས་སུ་ནི།། དཔལ་བེའུ་དབུས་སུ་ཉི་མ་བྲི།། དབུས་སུ་ཨོཾ་གསལ་ནང་དུ་ཧཱུཾ།
98a2 ཡུལ་གྱི་ཐག་ལའི་དབུས་སུ་ནི།། པད་མ་དབུས་སུ་ཟླ་བ་བྲི།། དབུས་སུ་ཨ་གསལ་ནང་དུ་ཧཱུཾ།། དེ་ལྟར་གསལ་བར་གྱུར་པ་ན།། ཀུན་དུ་བཟང་པོ་ཡབ་ཡུམ་དུ།། གཉིས་སུ་མེད་པར་བསྒྱུར་བར་བྱ།། ཏིང་འཛིན་གསལ་བར་གྱུ
98a3 པ་དང་། རང་ལས་བྱུང་བའི་བདུད་རྩི་ཡིས།། གསང་བ་གཉིས་ཀྱི་མཆོད་པ་བྱ།། རང་ལས་བྱུང་བའི་དངོས་གྲུབ་དག། རང་ཉིད་ས་ནི་བསྟིམ་པར་བྱ།། འདི་ལྟར་སྒྲུབ་པ་གཙོར་བྱེད་ན།། བདུད་རྩིའི་ཡོ་བྱད་ཐམས་ཅད་དང་།། བཅུད་ཀྱི
98a4 མཆོག་ཏུ་གྱུར་པ་རྣམས། ། ལོ་ཡི་འཚོ་བར་སྦྱར་ནས་ཀྱང་།། བསྙེན་བསྒྲུབ་ཡན་ལག་རྣམ་བཞི་ལས།། བསྙེན་བདག་གི་དུས་སུ་ནི།། གང་ཟག་མི་ཡི་ཟས་ལ་རྟེན།། དེ་ཡང་ལོ་ཡོ་སྐད་ཅིག་གམ།། གཉིས་དང་གསུམ་གྱི་བར་དུ
98a5 སྦྱར། ལོ་ཡི་སྐད་ཅིག་བར་དུ་ནི།། བདུད་རྩི་ཡོ་བྱད་རྣམས་ལ་རྟེན།། དེ་ནས་ལོ་ཡི་སྐད་ཅིག་ནི།། གཅིག་གམ་གཉིས་ཀྱི་བར་དག་ཏུ།། རང་ལས་བྱུང་བའི་རྫས་རྣམ་ལྔས།། འཕགས་པ་མཆོད་ཅིང་རང་གིས་བཟའ།། དེས་ནི་དྲང
98a6 ལ་གནས་པར་འགྱུར། ། དྲོང་ཐོབ་གྱུར་པ་ཕན་ཆད་ནི།། ལོ་ཡི་སྐད་ཅིག་ཐང་ཅིག་གིས།། ཏིང་འཛིན་ཟས་ཀྱི་རོ་རྙེད་ནས།། ཁམ་གྱི་ཟས་དང་བྲལ་བར་འགྱུར།། དྲོད་ཆེན་རྣམ་གསུམ་རྫོགས་ནས་ནི།། རྟགས་ཆེན་དག་ནི་ཐོབ
98a7 པར་འགྱུར། ། རྟགས་ཀྱི་ཆོ་འཕྲུལ་འབྱུང་བ་ནི།། རིན་ཆེན་ཕུང་པོ་འདོད་པ་ན།། ས་རྡོ་ལ་སོགས་བྱས་ནས་འགྲུབ།། ཆུ་དང་མཁའ་ལ་འགྲོ་འདོད་ན།། བརྩམས་པས་མི་འབྱིང་ཐོགས་མེད་འགྲོ།། མེ་ཡི་ཕུང་པོ་འཇིལ་འདོད་ན།།
98a8 སྡིགས་པའི་འཛུབ་མོ་ཕྱར་ནས་ཀྱང་།། འདྲེན་པའི་བསྒོ་བ་བྱས་པས་འགྲུབ།། དེ་ལ་སོགས་པ་ཐམས་ཅད་ནུས།། རྟགས་ཐོབ་ཕན་ཆད་སངས་རྒྱས་ཡིན་ཞེས་གསུངས་སོ།། གསང་ཆེན་ཐུགས་ཀྱི་བསྒྲུབ་པ་བཤད་པའོ།། རྒྱུད
iiif viewer powered by OpenSeadragon
97b - 98b