| | e-texts navigator
|
97b1 མཎ་ཌ་ལ་ཐིག་ལེ་ལྔ་པ་ལ།། བཀྲ་ཤིས་དཔལ་ལྡན་ལྔ་གཞག་ནས།། གཙོ་བོ་ལྔ་དང་འབྲས་བུ་ལྔ།། རློན་པར་བཀོད་ན་ས་ཡི་གྲེ་སྦྱང་།། ཏིང་འཛིན་བཟླས་པའི་མེ་སྦར་བས།། དང་པོ་རོ་འབྱུང་སྐམས་པ་དང་།། དེ་ནས་བརྟག་བཙག
97b2 གོང་མ་བཞིན། ། སྦྱར་ནས་རིགས་ཀྱིས་བསྙེན་པས་སྦྱང་།། དེས་ནི་མཚན་མ་བྱུང་བ་དང་།། དེ་བཞིན་གོང་ལྟར་ཅི་བདེར་སྤྱད།། ཅེས་གསུངས་སོ།། བདུད་རྩི་བློན་སྦྱོར་གྱི་བསྒྲུབ་པ་བཤད་པའོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ
97b3 ཀུན་འདས་རིག་པའི་མདོ་ལས་བདུད་རྩི་སྨན་གྱི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། དེ་ནས་སེམས་དཔའི་རྡོ་རྗེ་ཆེན་པོ་དེས་བསྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ་གསང་ཆེན་ཐུགས་ཀྱི་བསྒྲུབ་པ་ཞེས་བྱ་བ་འདི་བཤད་དོ།། དྲུ
97b4 པ་ཆེན་པོའི་རྣལ་འབྱོར་པ་ཐམས་ཅད་ནི་དབྱིངས་སུ་ཤེ་བར་བྱ་སྟེ། འཁོར་བའི་ཆོས་ཐམས་ཅད་ནི་དབྱིངས་སུ་འདུས་ལ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་སུ་འདུས་སོ།། དེ་གཉིས་སུ་མེད་པ་ནི་ཆོས།།
97b5 ཉིད་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོར་འདུས་པར་ཤེས་པར་གྱིས་ཤིག། དེ་བས་ན་ཆོས་ཐམས་ཅད་ནི་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་འདུས་ཏེ་གཉིས་སུ་མེད་དོ།། དེ་ལྟར་ན་ཀུན་རྫོབ་དུ་འདི་ལྟར་རིག་པར་བྱ་སྟེ།། གཉིས་སུ
97b6 མེད་པའི་དོན་ལ་འཇུག་པར་བྱའོ། ། འདུས་པ་ཆེན་པོའི་རྣལ་འབྱོར་པ།། དམ་པའི་དོན་གྱི་ཆོས་རྣམས་ཀུན།། ཐམས་ཅད་རང་གི་སེམས་ལ་རྫོགས།། ཀུན་རྫོབ་ཆོས་རྣམས་གང་ཡིན་པ།། ལུས་དང་ངག་ལ་རྫོགས་པར་བཤད།།
97b7 དེས་ར་ཆོས་འདི་ཐམས་ཅད་ཀྱང་།། རྩ་བ་རང་ལ་རྫོགས་པ་སྟེ།། འདི་དག་བསྒྲུབ་པའི་ཐབས་མཆོག་ཀྱང་།། རྣམ་པར་རྟོག་པའི་རྡུལ་གསལ་ནས།། བསྒྲུབ་པའི་རྒྱལ་པོ་ཡབ་ཡུམ་གཉིས།། དོན་ལ་མཁས་པར་བྱས་ནས་ནི།
97b8 སོ་སོའི་ཐུགས་ལ་ཐིག་ལེ་དག། ཟླ་གམ་དཀར་དམར་གདབ་པར་བྱ།། དེ་ཡི་རྫས་མཆོག་ཆེན་པོ་ཡང་།། ཐབས་ཀྱི་ག་པུར་ཆེན་པོ་དང་།། ཤེས་རབ་གསང་བའི་ཙན་དན་གཉིས།། དཀར་དམར་ཟླ་གམ་ཆེན་པོར་བྱ།། ཡབ་ཀྱི
iiif viewer powered by OpenSeadragon
97a - 98a