e-texts navigator
Collection
Volume
Page
Wylie

97a1 བསྲེལ། སྨན་གྱི་རྒྱལ་མོ་རམ་མཉེ་བས།། རྒྱུན་དུ་གསོས་པའི་འོ་མ་དེ།། རིགས་འཛིན་ཟས་ཀྱི་མཆོག་ཏུ་འགྱུར།། བདུད་རྩི་རྒྱལ་མོ་རབ་མཉེ་བ།། ཕྱེ་མའི་མཆོག་ཏུ་བྱས་ནས་ཀྱང་།། ལོ་ཡི་འཚོ་བའི་སྦྱར་བྱས་ཏེ།། སུས་མི
97a2 མཐོང་བའི་ས་ཕྱོགས་སུ། ། བསྒྲུབ་རྫས་དེ་དག་བཀྲམ་ནས་ཀྱང་།། བདུད་རྩི་བསྒྲུབ་པ་དེ་བཞིན་བྱ།། དུས་ལ་བབ་པའི་ཚད་རྣམས་ལ།། བསྒྲུབ་རྫས་དེ་དག་ཐམས་ཅད་ཀྱང་།། བ་ཡི་འོ་མས་འདེ་གུར་བྱ།། ཆ་རེས་བསྐྱེད་ཅིང་བཟའ
97a3 བར་བྱ། ཟོས་པའི་ཡོན་ཏན་བསེམ་མི་བྱབ།། ཟག་པ་ཟད་ནས་ནམ་མཁར་འགྲོ་ཞེས་གསུངས་སོ།། བདུད་རྩི་འདེགུའི་བསྒྲུབ་པ་རྣམ་པར་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས
97a4 བ་ཆེན་པོའི་རྣལ་འབྱོར་པ། ། འདི་ཡང་གོང་མ་ལྟར་བྱས་ཏེ།། དེ་དང་མི་འཐུན་བསྒྲུབ་རྫས་རྣམས།། བདུད་རྩིར་འགྱུར་བའི་སྨན་རྣམས་ཀུན།། ཐམས་ཅད་ཐམས་ཅད་བསྡུ་བར་བྱ།། ཏིལ་ཆེན་ལ་སོགས་ཞུན་གྱི་མཆོག།
97a5 ཐམས་ཅད་བསྡུས་ཤིང་སྦྱར་བྱས་ནས།། གནས་ཀྱང་གོང་མ་བཞིན་བཙལ་ཏེ།། བདུད་རྩི་བཀྲམ་ནས་བསྒྲུབ་པར་བྱ།། འཕྲོ་འདྲ་བཟླས་བརྗོད་རྒྱུན་མི་གཅད།། གྲུབ་པའི་རྫས་སུ་གྱུར་པ་དང་།། སྨན་རྣམས་ཕྱེ་མར་བཏག
97a6 བར་བྱས། ། དེ་དག་ཕྱེ་མར་གྱུར་པ་དང་།། ཞུན་ཆེན་དག་དང་སྦྱར་བར་བྱ།། སྦྱོར་བའི་ཆོ་ག་རྫོགས་པ་དང་།། དངོས་གྲུབ་མཆོག་ནི་བླང་བར་བྱ།། གཞན་ནམ་གཞན་གྱི་སྡེ་བ་དང་། ལོ་ཡིས་བཤུགས་ཏེ་འཕྲད་མི་བྱ།། འཚོ་བ་བདུད་ཅི
97a7 ཐུན་གྱིས་སྦྱར། ། བདུད་ཅི་གྲུབ་པའི་རྟགས་ཆེན་ནི།། བ་སྤུ་ལངས་དང་གཟི་མདངས་འབར།། ཁམ་གྱི་ཟས་བྲལ་བདེ་བར་འཚོ།། ཤེས་རབ་གསལ་ཞིང་ཐོགས་པ་མེད་།། ཟག་བཟད་ནས་ནམ་མཁར་འགྲོ།། ཞེས་གས
97a8 སོ། བདུད་རྩིའུ་ཆེན་གྱི་བསྒྲུབ་པ་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། རློན་པའི་རྫས་ལ་སྨན་བསྒྲུབ་ན།། ཐམས་ཅད་གོང་མ་བཞིན་སྦྱར་ནས།




iiif viewer powered by OpenSeadragon

96b - 97b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo