| | e-texts navigator
|
96b1 དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། ། འདུས་པ་ཆེན་པོའི་རྣལ་འབྱོར་པ།། སྐྱོ་མའི་ཆོ་ག་འདི་ལྟ་སྟེ།། ཐམས་ཅད་གོང་མ་བཞིན་སྦྱར་ནས།། མཚན་མ་གསལ་པོ་འབྱུང་བ་དང་།། ཕྱེ་མཆུ་ཚགས་ནང་ནས་དབྱུང་།། ཕྱེ་མའི
96b2 མཆོག་ཏུ་གྱུར་པ་དང་། ། ཕྱེ་མའི་རྒྱལ་མོ་དེ་དག་ནི།། བསེ་ཕོར་ཁ་སྦྱར་ནང་དུ་བླུགས།། རྒྱས་བཏབ་བྱིན་བརླབས་དབང་སྐུར་ནས།། བཟླས་བརྗོད་འཕྲོ་འདུ་རྒྱུན་མི་ཆད།། སྦྲང་ཆང་རྒྱ་ཆད་བུ་རམ་ཆད།། རྒུན་ཆད་འོ་མ་ལས
96b3 སོགས་པ། ། བཅུད་ཀྱི་ཁུ་བ་ཐམས་ཅད་སྦྱར།། རིན་ཆེན་གའུ་མཚན་ལྡན་དུ།། བླུགས་ཏེ་ཁ་སྦྱར་རྒྱས་བཏབ་ནས།། འཕྲོ་འདུ་བཟླས་བརྗོད་གོང་མ་བཞིན།། བྱས་ཏེ་མཚན་མ་བྱུང་བ་དང་།། དངོས་གྲུབ་ཆེན་པོ་བླང་བར་བྱ།།
96b4 བྱེ་མའི་སྒྲུབ་རྫས་དེ་དག་ནི།། ཆ་ལྔ་དག་ཏུ་བགོས་ནས་ཀྱང་།། རྣལ་འབྱོར་སོ་སོའི་ཆ་རྣམས་ལས།། ཅི་རན་ཙམ་གྱི་ཆ་གཅིག་དང་།། སྦྱར་ཆད་ཆ་ལྔར་བགོས་པ་ལས།། རྣལ་འབྱོར་སོ་སོའི་ཆ་རྣམས་ལས།། སྦྱར་ཏེ་དངོས
96b5 གྲུབ་ཏེ་ན་དྲ་བྱ། ། ཟླ་བ་གཅིག་ཏུ་ཟོས་པས་ནི།། བ་སྤུ་རངས་ཤིང་གཉེར་མ་རངས།། ཟླ་བ་གཉིས་སུ་ཟོས་བྱས་ན།། གཟི་མདངས་ཐམས་ཅད་འབར་བར་འགྱུར།། ཟླ་བ་གསུམ་གྱི་ཕན་ཡོན་གྱིས།། ནད་ཀྱི་སྐལ་བ་དག་ལས་ཐར།།
96b6 ཟླ་བཞི་ཕན་ཆད་གང་ཟག་གི། ཟས་དང་མ་འདྲེས་བརྩོན་བསྒྲུབས་ན།། གཞན་གྱི་ནད་རྣམས་འཇོམས་པར་ནུས།། དྲུག་དང་བདུན་དང་བརྒྱད་རྣམས་ལ།། བདུད་རྩི་བཅུད་ཀྱིས་འཚོ་བར་འགྱུར།། དག་དང་བཅུ་ལ་ཟག་པ་ཟད་།།
96b7 བཅུ་གཅིག་རིག་འཛིན་ནམ་མཁར་འཕུར་ཞེས་གསུངས་སོ།། བདུད་རྩི་སྐྱོ་མའི་བསྒྲུབ་པ་རྣམ་པར་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། རྡོ་རྗེ
96b8 རིག་འཛིན་རྩལ་ལྔའི་ཟས། ། འདེ་གུའི་ཆོ་ག་ཆེན་པོ་ནི།། འདི་ལྟར་ཁོང་དུ་ཆུད་པར་བྱ།། སྦྲང་རྩི་བུ་རམ་རྒུན་འབྲུམ་རྣམས།། ལོ་ཡི་འཚེ་བར་སྦྱར་ནས་ཀྱང་།། ཁ་དོག་མཚན་ལྡན་དམར་པོའི་བ།། ལོ་ཡི་མཚོ་བར་གཟུང་ཞིང
iiif viewer powered by OpenSeadragon
96a - 97a