| | e-texts navigator
|
96a1 སུ་སྦྱར། ། རྡོ་རྗེ་ཀླུ་འདི་ལྷ་མོས་བླང་།། ཀུན་དུ་བཟང་མོའི་གཞལ་ཡས་སུ།། ཐབས་དང་ཤེས་རབ་ལྡན་པ་ལས།། འཁོར་བ་བདུད་རྩི་སྨན་དུ་སྦྱར།། ཡེ་ཤེས་ལྔ་རུ་གསལ་བ་ལས།། འབྲས་བུ་སུ་གསུང་ཐུགས་སུ་རྫོགས།། འཆི་མེད
96a2 བདུད་རྩིས་གཙང་རྙིང་སྤྱད། ། མཚན་མ་བརྟག་ཕྱིར་གཅལ་ནས་ནི།། རྡོ་རྗེ་དཔལ་ལྡན་འསྒྱུར་བླུགས།། ཁ་དོག་རིགས་ལྔའི་རས་ཀྱིས་བཀྲི།། རྡོ་རྗེ་དབང་གི་རྒྱ་ཡིས་གདབ།། རྡོ་རྗེ་སྔགས་ཀྱི་གཟུངས་ཀྱིས་གདགས།། དཔལ་ཆེན་སྐུ་ལྔར་མངའ
96a3 གསོལ་ཏེ། ། ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ།། མཎ་ཌ་ལ་དག་ཏུ་དགོད་པར་བྱ།། ཀུན་གྱིས་བསྐོར་ཞིང་དངོས་གྲུབ་དབབ།། རྩི་དང་སྨན་གྱི་བདག་པོ་དང་།། རྟགས་ལྡན་རིག་འཛིན་ཕྲ་མོ་དག། རོལ་མོ་ཆ་བྱད་མང་པོས་བསྟེན།། བསྒྲུབ་པ
96a4 འབྲུ་མཆོག་གཏམས་པས་དགད། ། བཀྲ་ཤིས་གོས་ཀྱིས་རྒྱས་པར་ཀླུ་བ།། གཟུངས་ཐག་གཉེར་ཅན་རིགས་སུ་དབུལ།། ཏིང་འཛིན་མ་ཡིས་རྣམ་པར་སྦྱད།། རྟགས་ཆེན་ལྔ་ནི་གང་བྱུང་ཡང་།། སྦྱར་ཏེ་དངོས་གྲུབ་བླང་བར་བྱའོ།། བདུད་རྩིསྒྲ
96a5 ལས་དྲངས་ནས་ནི། ། དཔལ་ལྡན་པད་མ་ལྡན་པ་རུ།། ཐམས་ཅད་བདུད་རྩིར་ས་མ་ཡ།། མཁའ་གློང་ཡངས་པར་བདེ་ཆེན་རྫོགས།། རང་ཉིད་བདུད་རྩིའི་དཀྱིལ་འཁོར་རྫོགས།། གཞན་ནས་བསྒྲུབ་པ་ཅི་ཡང་མེད།། འཇུག་པ་ལ་སོས
96a6 ཐམས་ཅད་ཀྱང་། ། ཚུལ་བཞིན་དུ་ནི་རྒྱས་པར་བྱ་ཞེས་གསུངས་སོ།། བདུད་རྩི་ཕྱེ་མའི་བསྒྲུབ་པ་རྣམ་པར་བཤད་པའོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདྲེས་པ་ཆེན་པོའི་རྣལ་འབྱོར་པ།
96a7 ཐམས་ཅད་དེ་འདྲར་སྦྱར་ནས་ཀྱང་།། མཎ་ཌལ་འཁོར་ལོ་རྩིབས་བརྒྱད་ལ།། ཕྱག་བརྒྱའི་ལྷ་རྣམས་རྫོགས་བྱས་ནས།། སྨན་སྦྱང་བཏགས་བཙགས་གཙལ་ནས་ཀྱང་།། སྦྲང་ཆང་འོམས་གོང་བུར་བྱ།། བསེ་པོར་མཚན
96a8 ལྡན་ནང་དུ་བཞག། ལེགས་པར་ཁ་སྦྱར་རས་ཀྱིས་བཀྲི།། གོང་མ་བཞིན་དུ་ཀུན་སྦྱར་ནས།། དངོས་གྲུབ་མཆོག་ནམས་བདག་གིས་བྱ་ཞེས་གསུངས་སོ།། བདུད་རྩི་རི་ལུའི་ཆོ་ག་རྣམ་པར་བཤད་པའོ།། དེ་ནས་ཡང་སེམས
iiif viewer powered by OpenSeadragon
95b - 96b