e-texts navigator
Collection
Volume
Page
Wylie

95b1 གམ་མཐའ་ཟད་བྲི་བར་བྱ།། རིན་ཆེན་གེ་སར་ཕྲེང་བས་ནི།། པད་མའི་ལྕེ་ལ་བསྐོར་བར་བྱ།། སྒོ་བཞི་རིན་ཆེན་འབར་བར་བྱ།། ཕྱག་རྒྱ་འབར་བའི་ལྷ་བཀོད་ནི།། དབུས་སུ་གསེར་པོར་སུལ་མེད་ལ།། དུང་ཆེན་འཁོར་བ་ཅན་གྱིས་སྦྱང
95b2 ཤར་དུ་ཤེལ་པོར་སུལ་འགྲེང་ལ། ། རིན་ཆེན་མཛོད་སྔ་གསལ་བས་སྦྱར།། ལྷོ་རུ་རིན་ཆེན་སུལ་མངས་ལ།། རིན་ཆེན་ལོ་འད་བ་རྒྱས་པས་སྦྱར།། ནུབ་དུ་རྒྱ་ཕོར་ཟླག་མ་ལ།། བཞིན་མཚམས་རིན་ཆེན་འབུར་གཉིས་སྦྱར།། བྱང་དུས
95b3 པོར་རྒྱ་གྲམ་ལ། ། གཙུག་ཏོར་རིན་ཆེན་འབུར་བཞི་རྒྱས།། རྩ་བ་ལྔ་ནི་ཕྱོགས་ཕྱོགས་སྦྱར།། སྒོ་ལྔའི་གཙོ་བོ་རིགས་སུ་སྦྱར།། དབུས་ནས་ཤར་ལྷོ་ནུབ་བྱང་དུ།། ཀ་ཀོ་ལ་དང་དུ་རུ་ཀ། འཛ་ཏི་བ་ལ་ཁ་དྲི་ཞིམ།། ལྕེ་པོག་དཀར་བྲེརམ
95b4 པར་སྦྱར། ། དེ་བཞིན་གོང་གི་རིམ་པ་བཞིན།། ཨ་རུ་ར་དང་ག་པུར་དང་།། གུར་ཀུམ་པད་མ་ལི་ག་ཏུར།། དེ་ན་ར་ས་ཡ་ན་རྣམས།། ཐམས་ཅད་རིགས་དང་ཁ་དོག་དང་།། ལས་དང་འཐུན་པར་སྦྱར་བར་བྱ།། ས་བོན་ལྔ་ནི་རིམ་པར་སྦྱར།། དཔལ
95b5 དང་ལྡན་པའི་སྣོད་ནང་དུ། ། ཡབ་ཡུམ་སྙིང་པོ་རིམ་བཞིན་བྱ།། དབུས་དད་པད་མ་ལྕེ་ལ་དགོད།། གནས་ཡུལ་ལ་སོགས་མཛེས་པར་གཞག། དུར་ཁྲོད་རྫས་དང་བཀྲ་ཤིས་རྫས།། འབྱོར་པའི་ཡོ་བྱད་ཐམས་ཅད་བཤམ།། དེ་ན་བྱིན
95b6 ཕབ་དངོས་གྲུབ་གསོལ། ། ཐམས་ཅད་རྣམ་པར་སྦར་བར་བྱ།། དམ་པ་དེ་ཉིད་གསང་ཆེན་གྱི།། རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས།། ཐམས་ཅད་སྦྱང་བའི་མཆོག་ཏུ་བྱ།། དེ་ནས་ཁྲོལ་བུ་སྦྱང་བ་ན།། བསལ་བསྔོ་བསྡུ་དང་དབྱེ་བ
95b7 དང་། ཁྲུས་བྱ་བ་དང་བཤགས་པ་དང་།། ཡོན་ཏན་བརྗོད་དང་བྱིན་དབབ་བྱ།། དེ་ནས་སྐད་ཅིག་ཐང་ཅིག་གམ།། ཞག་གཅིག་དག་གིས་སྦྱར་བར་བྱ།། རྟགས་དག་བྱུང་ན་དེར་འབྱོངས་པའོ།། ཕྱེ་མའི་མཆོག་ཏུ་སྦྱར་བ་ནི།། སྣོད་ཀྱི་སྨན་རྣམས
95b8 ཤེས་རབ་མས། ། བསྡུས་ཏེ་བཏག་པའི་ཆོ་ག་ཡང་།། ཡུམ་གྱིས་བཟུང་ཞིང་ཡབ་ཀྱིས་བཏག། རིགས་འཛིན་རྩལ་ཅན་དབབ་ཅིང་དྲང་།། སོ་སོ་ལས་ཀྱི་སྔགས་བརྗོད་ཅིང་།། གཏན་གཏུན་ཐབས་དང་ཤེས་རབ་སྟེ།། སྨན་ཉིད་བྱང་ཆུབ་སེམས




iiif viewer powered by OpenSeadragon

95a - 96a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo