e-texts navigator
Collection
Volume
Page
Wylie

95a1 བདྲད་ཅིའི་རང་བཞིན་དུ་ཤེས་པར་བྱའོ། ། དེ་ལྟར་ཤེས་ནས་ཀུན་རྫོབ་དུ་འདི་ལྟར་བསྒྲུབ་པར་བྱའོ།། ཇི་བཞིན་འབྱུང་ལྡན་པ་དེ་སྦྱར་ནས།། མ་ཏྲང་ལོག་པའི་སྙེང་ཀ་རུ།། འདོམ་གང་ཚད་དང་འཐུན་པ་ལ།། རྩིབས་བརྒྱད
95a2 འབར་བའི་འཁོར་ལོར་གདབ། ། མེ་ཡི་འོད་ཀྱིས་བསྐོར་བར་བྱ།། རྡོ་རྗེ་རེབས་བསྐོར་བ་ཡི།། མཐའ་མ་སྒོ་ཁྱུད་འབར་བར་བྱ།། དབུས་སུ་རིན་ཆེན་ཟར་བརྒྱར་བྱ།། དེར་ནི་ཕྱག་རྒྱ་འབར་བ་དགོད།། ལང་ཀ་བསྒྲལ་བའི་གནས
95a3 མཆོག་འདིར། ། རལ་པ་ཅན་གྱི་ཚོགས་འདུས་ཏེ།། རཀྵ་འཇོམས་པའི་མཐུ་ཆེན་ཀུན།། སྲིད་པ་གསུམ་རིལ་འདིར་སྒྲོལ་བའོ།། དུས་བཞི་མཆོད་པའི་ངས་རྫས་ཀྱིས།། དེ་དག་ཇི་ལྟར་རིགས་པར་མཆོད།། དུས་བཞི་བཅུད་སྨིན་སྙིང་པོ་ཡིས།།
95a4 དངོས་གྲུབ་ཆེན་པོའི་རྗེས་སུ་བྱ།། ཕྱོགས་བཞི་དབུས་ཀྱི་རྫས་ཆེན་རྣམས།། རྨད་དུ་བྱུང་བའི་རལ་པ་ཅན།། འབྱུང་བ་ལྔ་ལ་དབང་སྒྱུར་མཛད།། འབྱུང་བ་ལྔ་ཡི་ཆོ་འཕྲུལ་སྒྲུབ།། དབྱར་ཆུ་སྟོན་མེ་དགུན་ས་སྟེ།། དཔྱིད་རླུང་ནམ་མཁའ་གས
95a5 བར་སྦྱར། ། ཆོ་འཕྲུལ་དེ་ལ་དབང་ཐོབ་ནས།། དེ་དག་རལ་པ་ཅན་དུ་བསྒྲུ་བ།། ཏིང་འཛིན་རྣམ་པ་ལྔ་གསལ་བས།། འབྱུང་ལྔ་ལས་བྱུང་ཤ་རིགས་ལྔ།། ཁྱི་ཤ་བ་གླང་རྟ་ཤ་དང་།། བྱ་དང་རི་དགས་སྣ་ཚོགས་ནི།། རྫུ་འཕྲུལ་ཤུག་སུ་སྒྲུབ་པའི
95a6 རྫས། སྒྲུབ་པའི་རྫས་ཆེན་འབྱུང་ཆེན་ལྔ།། འཇིག་རྟེན་ཀུན་ལ་དབང་སྒྱུར་བའི།། དེ་ལྟར་རྫས་རྣམས་འབྱོར་པ་དང་།། ཏིང་འཛིན་བསྒོམ་དང་བསྒྲུབ་པ་དང་།། ཐམས་ཅད་གོང་དང་མཐུན་སྦྱར་ནས།། འཇུག་དང་དངོས་གྲུབ་དབང་ཆེན
95a7 རྣམས། ། ཅི་རིགས་པར་ནི་བདེ་བར་སྦྱར་ཞེས་གསུངས་སོ།། བདུད་རྩི་རང་བྱུང་དཀྱིལ་འཁོར་ཞེས་བྱ་བའི་མདོ་བཤད་པའོ།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། གཞན
95a8 ཡང་བདུད་རྩི་ཆེན་པོ་ནི། ། གོང་མ་བཞིན་དུ་ལེགས་སྦྱར་ནས།། མཎ་ཌ་ལ་ཆད་དང་འཐུན་པ་ལ།། པད་མ་དམར་པོ་འོད་ཀྱི་མཁའ།། ཕྱི་རིམ་ཟླ་ག་མ་དམར་པོ་བཞི།། རྡོ་རྗེ་འབར་བས་མཛེས་པར་བསྐོར།། མེ་ལྕེ་འབར་བའི་ཕྲེང་བ་ནི། རྦ།




iiif viewer powered by OpenSeadragon

94b - 95b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo