| | e-texts navigator
|
94b1 འཁོར་ཆེན་པོ་འདི་གསུངས་སོ། ། འདུས་པ་ཆེན་པོའི་ཚོགས་ཆགས་པ་ཐམས་ཅད་དབང་དུ་འདུ་བར་འདོད་ན་འདི་ལྟར་རིག་པར་བྱའོ།། བུད་མེད་ཆགས་པའི་རང་བཞིན་ཏེ།། ཆགས་པ་ཁྲག་ཁྲིག་རྒྱ་མཚོ་ཡི་ནི།། ལམ་ཀྱིས།
94b2 འཁོར་བའི་སེམས་ཅན་རྣམས།། ཆགས་པ་ཁྲག་གི་རྒྱ་མཚོར་བྱིང་།། ཆགས་ལས་རྣམ་གྲོལ་འགོག་པ་སྟེ།། ཆགས་པ་དེ་ཉིད་ཁྲག་ཅེས་བྱ།། ཁྲག་གི་རྒྱ་མཚོ་བསྐམ་པའི་ཕྱིར།། བུད་མེད་ཁྲག་གི་རྒྱ་མཚོ་རྣམས།། འཚེ་བ
94b3 བདུད་རྩིའི་རྒྱ་མཚོ་བསྐུར། ། དེ་ལྟར་ཤེས་པར་གྱུར་པ་དང་།། ཀུན་རྫོབ་ཚུལ་དུ་འདི་ལྟར་སྦྱར།། ལས་ཀྱི་བརྩམ་པ་ཕུན་སུམ་ཆོག། རིམ་པ་བཞིན་དུ་བརྩམས་ནས་ཀྱང་།། མཎ་ཌ་ལ་འདོམ་གང་གྲུ་བཞི་ལ།། འཁོར་ལོ་བཞི་ཡི
94b4 བིག་ཏུ་གདབ། ། མུ་ཁྱུད་ཕྱི་རིམ་གྲུ་ཆད་བཞི།། སྒོ་ནས་སྒོ་ཁྱམས་དམར་པོར་བྱ།། ཀུན་གྱི་ཕྱི་རིམ་ལག་ཆུ་ཧྲའི།། མེ་རི་འབར་བས་གཏིབ་ཐག་གཅད།། དབུས་སུ་ཤར་ལྟ་ཟླ་གམ་བྲི།། བནད་དཔལ་ལྡན་ཡབ་ཡུམ་དགོད།།
94b5 འཁོར་ལོ་བཞི་ལ་རིགས་བཞིར་ལྡན།། བར་འབྱམས་གཉིས་ལ་གནས་ཡུལ་རྣམས།། ཟླ་གམ་ཐིག་ལེར་ལྡན་པར་བྱ།། སྒོ་ཁྱམས་སྒོ་བཞི་ཟླ་གམ་བཅས།། ཕྱི་ཁྱམས་ལག་ཆུ་ཧཱ་ཡི་མེ།། མེ་ཡི་ཁྲོ་བོ་ཐོགཾ་ལེར་བཅས
94b6 དུར་ཁྲོད་རྒྱན་གྱིས་ཀུན་བརྒྱན་བྱ། ། ཏིང་འཛིན་རྫོགས་དང་དངོས་བསྒྲུབ་དང་།། འཇུག་པ་དབང་བསྐུར་དངོས་གྲུབ་རྣམས།། གནས་བསྲུང་ལ་སོགས་རྫོགས་པར་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ
94b7 ཀུན་འདུས་རིག་པའི་མདོ་ལས་འཁོར་ལོ་དབང་སྦྱར་གྱི་སྒྲུབ་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ། །། དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདུས་པ་ཆེན་པོའི་ཚོགས་ཆོ། ཐམས
94b8 ཅད་ནི་བདུད་རྩི་སྨན་གྱི་རང་བཞིན་དུ་ཤེས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་ན་ནི་འཚེ་བ་ཆེས་ཉིད་ཀྱི་རྩི་ཡིན། མ་རྟོགས་ནས་ནི་འཆི་བ་འཁོར་བའི་དུག་ཡིན། དེ་བས་ན་ཆོས་འདི་ཐམ་ཅད
iiif viewer powered by OpenSeadragon
94a - 95a