e-texts navigator
Collection
Volume
Page
Wylie

94a1 ཡུལ་བདག་བརྒྱད།། ཇི་ལྟར་འོས་པ་དེ་ལྟར་བྱའོ།། སྒོ་བཞི་གསང་བ་སྒོ་མར་གཞག། མཐའ་ཟད་ཡོངས་ཀྱི་ཟླ་ག་མ་ལ།། བུད་མེད་ཉི་ཤུ་རྩ་བརྒྱད་གཞག། མིང་ངམ་མཚན་མ་རྟེན་ཏེ་གཞག། དེ་ཡི་ཁ་ལ་ཐབ
94a2 ཏུ་བཅིགས། ། པདུ་མ་དཔལ་བེའུ་དབྱིངས་འདྲ་ཐབ།། མཁས་པས་ཡམ་ཤིང་བརྩམ་པར་བྱ།། བྱ་བའི་བྱ་བ་ཐམས་ཅད་ཀུན།། གོང་དུ་སྦྱོར་བ་དེ་ལྟར་སྦྱོར་ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག
94a3 པའི་མདོ་ལས་འཁོར་བ་ཐམས་ཅད་སྒྲོལ་བ་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་དུག་གསུམ་ཐུགས་སུ་དབང་སྒྱུར་བ་ཞེས་བྱ་བའི་མདོ་འདི་གསུངས་སོ།། འདུས་པ
94a4 ཆེན་པོའི་རྣལ་འབྱོར་པ། ། དུག་གསུམ་དབང་དུ་སྐུར་བ་ཡང་།། འདི་ལྟར་ཁོང་དུ་ཆུད་པར་བྱ།། དུག་གསུམ་རང་བཞིན་གང་ཡིན་པ།། སྐུ་གསུམ་ཉིད་ཀྱི་དཔེ་སྟེ།། གཞན་ནིས་བཙལ་བ་ཅི་ཡང་མེད།། དེ་ལྟར་ཤེས་པར་འགྱུར
94a5 པ་དང་། ཀུན་རྫོབ་ཚུལ་དུ་འདི་ལྟར་བསྐུར།། ཐམས་ཅད་གོང་མ་བཞིན་སྦྱར་ལ།། སྟེགས་བུ་འདོམ་གང་བཞིག་ལ།། ཕྱིར་དམར་པོ་རྒྱས་པར་བྱ།། དེ་ནས་ཐིག་ནག་གྲུ་གསུམ་བརྩིག། དེ་ནས་དམར་ནག་ཟླ་གམ་བྱ།། བླགས
94a6 དབུས་སུ་དཔལ་ཆེན་འབར། ། དབང་ཕྱུག་གནས་བརྒྱད་ཟླ་གམ་མཐའ།། བང་རིམ་པར་ལ་དུར་ཁྲོད་འབར།། ཐ་མར་དམར་པོ་གྲུ་བཞི་ལ།། སྒོ་བཞི་སྒོ་སྲུངས་བཅས་པར་བྱ།། དེ་ཡི་མཐའ་མ་མི་རིས་བསྐོར།། ཐོབ་ཅུ་འབར་བར།
94a7 རྟགས་རྣམས་དགོད་བསྟབ་དང་འཇུག་དང་དབང་སྐུར་རྣམས།། གོང་མ་བཞིན་དུ་སྦྱིན་པར་བྱ།། དེས་ནི་ཐམས་ཅད་རྫོགས་པ་ཡིན།། དྲག་གསུམ་ཐམས་ཅད་ཟིལ་གྱིས་གནོན་ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྗེ་རྗེ
94a8 བཀོད་པ་ཀུན་འདུས་རིག་པའི་མདོ་ལས་དུག་གསུམ་དབང་སྒྱུར་བ་ཞེས་བྱ་བའི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། ། །། དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་བུད་མེད་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བའི་དཀྱིལ




iiif viewer powered by OpenSeadragon

93b - 94b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo