| | e-texts navigator
|
93b1 ཞེས་བྱ་བ་བསྒྲུབ་པའི་དོན་ནི་འདི་ལྟར་རིག་པར་བྱའོ།། འདི་ཡང་དེ་འདྲར་ཀུན་སྦྱར་ནས།། འཁོར་ཁང་ཅན་གྱི་གཞལ་ཡས་སུ།། ཁྲུ་གང་གྲུ་བཞིའི་ཚད་དེ་ལ།། བཞི་ནི་འཁོར་ཁང་ཁྱམས་དེ་དག། ཕྱོགས་བཞི་དག་ཏུ་བརྩམ
93b2 པར་བྱ། དྲི་ཞིམ་ཙན་ངན་འདེ་གུ་བཏང་།། དྲི་སྤོས་ཚོམ་བུ་རིན་ཆེན་ཕྲོག། སྦྱིན་མཆོད་རྒྱས་པར་དེ་བཤམ་བྱ།། ལྷ་ཡི་དགེ་བསྙེན་རྣམ་པ་བཞི།། ཕྱོགས་མཚམས་བསྲུང་བའི་ལས་རྣམས་བསྒོ།། ཁྱམས་ཀྱི་ནང་རིམ་ཕྱོགས་འཚམ
93b3 སུ། ། རྟག་ཕྱང་བ་ཡི་སྟེགས་བུ་བཅུ།། བསྐལ་པའི་མེ་དཔུང་འབར་བྲིས་ལ།། སྣ་ཚོགས་རྒྱུ་ལས་བྱས་པ་ཡི།། འཐུན་པའི་གཟུགས་བཅུ་དབང་བསྐུར་ཏེ།། ཁྲོ་བོ་གར་གྱི་ནང་མཚམས་གཅད།། དེ་ནས་མ་ཏྲང་གནན་པར་བྱ།། དྲེགས
93b4 པ་རུ་དྲ་སྡིག་ཅན་འདི། ། ནམས་ཀྱང་བསྒྲལ་བའི་ཞིང་ཡིན་ཏེ།། ཛཿཧཱུཾ་བཾ་ཧོ།། མ་ཧཱ་ཤཱི་ཧེ་རུ་ཀ་མ་ཏྲང་རུ་དྲ་ཧ་ཧ་པྲ་བེ་ཤ་ཕཊ། ཁ་ཊྭཱཾ་ཕྱག་རྒྱས་བསྐྱིལ་ནས་ནི།། མ་རིག་མུན་པའི་སྒོ་ཕྱེ་ནས།། རྣམ་ཤེས་ཨ་རུ་བྱིན་བརླབས་ཏེ། གསང
93b5 ཆེན་ཐུགས་ཀྱི་ཀློང་དུ་བསྟིམ། ། སྦུབས་ནཽ་གཞལ་ཡས་འབར་བར་བྱ།། སྟེགས་བུ་མ་ཏྲང་གཟུགས་འདྲ་ལ།། འགྱེལ་ཐབས་བཞིན་ཕྱོགས་ཅི་འདྲར་བྱ།། ཁ་དོག་སྔོ་སྐྱ་གན་རྐྱལ་ཐབས།། ཆེ་ཆུང་ཚད་མེད་གནས་ཀྱི་ཀྵུར།། དེ་ཡིད་སྙིང་།
93b6 ཀར་བང་རིམ་གསུམ།། དང་པོར་དམར་པོ་གྲུ་བཞི་བརྩིག། གཉིས་པ་མཐིང་ནག་གྲུ་གསུམ་བྱ།། གསུམ་པ་སྨུག་ན་ག་ཟླ་གམ་བྱ།། ཡན་ལག་བཞི་དང་མགོ་མཚན་དྲུག། གསང་སྒོ་གཉིས་ཏེ་བརྒྱད་དག་ལ།། སྟེགས་བུ་ཆག་ཕྱེད
93b7 གྲུ་བཞི་བརྒྱད། ། དེ་ཡི་མཐའ་རིམ་ཡོངས་ཟད་དུ།། ཟླ་གམ་གསལ་བའི་མཎ་ཌ་ལ་བྱ།། དེ་དག་མེ་ཀློང་འབར་བར་བསྐོར།། ཡ་ཐོག་ཟླ་གམ་སྟེང་དག་ཏུ།། དཔལ་དང་ལྡན་པའི་ལྷ་མཆོག་བཞུགས།། མཐིང་ནག་གྲུ་གསུམ་མེ་དཔུང་ཞི།།
93b8 གྲུ་བཞིའི་དམར་པོ་བང་རིམ་ལ།། རགས་བཞི་ལྷ་མཆོག་དཔལ་ལྡན་གཞག། ཡན་ལག་མགོ་མཚན་གཡས་གཡོན་བརྒྱད།། དབང་ཕྱུག་གནས་ཀྱི་བདག་མོ་བརྒྱད།། བྲི་བྱ་ཡང་ན་མཚན་མ་གཞག། ཚིགས་ཆེན་བརྒྱད་པ།
iiif viewer powered by OpenSeadragon
93a - 94a