| | e-texts navigator
|
93a1 6། ། གྱིས། སྲིད་གསུམ་རུ་དྲ་དུར་ཁྲོད་དུ།། ཚོགས་བདག་ཆེན་པོ་དེ་བརྒྱད་བྱ།། མ་རིག་མུན་ཁང་སྒོ་བྱེད་ནས།། གླང་ཆེན་སྨྱོན་པ་དེ་བཟུང་ནས།། གཟུང་འཛིན་དམ་པོའི་ཏོད་ཐག་བཅད་།། དུག་གསུམ་རྣམ་ཏོག་ཏོང་པུར་ཟུ
93a2 ངན་སོང་འདམ་ནས་དྲངས་ནས་ནི། ། ཉོན་མོངས་དཔུང་རྒོད་དེ་བཏུལ་ནས།། ཡེ་ཤེས་ཐབས་ཀྱིས་རྣམ་སྦྱངས་ཏེ།། ནམ་མཁའི་གློང་དུ་དམིགས་མེད་པར།། བདེ་ཆེན་མཆོད་པའི་ཚོགས་ཆེན་དག། རོ་མཆོག་ལྔ་དང་མཉམ་སྦྱར་བས།།
93a3 ཆོས་ཀྱི་ལོངས་སྤྱོད་རྒྱས་པར་སྦྱར།། མཉམ་ཉིད་བདེ་བའི་སྙིང་རྗེ་ཡིས།། དྲེགས་པ་ཆེན་པོ་གཞོམ་པ་དང་།། འཁོར་བའི་དྲ་བ་བཅད་པའི་ཕྱིར།། ཁྲོ་ཚོགས་འབར་བའི་སྤྲིན་འཕྲོས་པས།། གཏུམ་ཐུང་རྔམ་པ་མགྱོགས་པའི་ཚོགས།། ཕྱག་རྙན
93a4 ཆང་ཆེན་ཟབ་ནས་ནི། ། འཁོར་བའི་ཐ་བ་སྤངས་ནས་ནི།། བདེ་བ་ཆེན་པོའི་ཞིང་བཟློག་སྟེ།། བྱང་ཆུབ་མྱུ་གུ་བསྐྲད་ནས་ནི།། བྱང་ཆུབ་སེམས་དཔའི་ལོ་ཏོག་བསྐྱེད། དུར་ཁྲོད་ཆེན་པོའི་བཞིན་ཕྱོགས་ནི།། མགོ་ནི་ལྷོ་ནུབ་མཚམས་སུ་གཏིང་།། རྐང་པ་བྱུང
93a5 ཤར་མཚམས་སུ་གཏིང་། ། ད་ནི་དུར་ཁྲོད་དབང་ཕྱུག་ཆེ།། སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན།། ཐུགས་རྗེ་རྣོན་པོའི་དམག་ཚོགས་ལ།། ཡེ་ཤེས་རྣོན་པོའི་མཚོན་ཆ་ཡིས།། ལོག་རྟོག་འཁོར་བའི་རྒྱུན་གཙང་ངོ་།། གྲུ་བཞི་ཁ་བཞིར་རྡོ་རྗེ་ཡི།།
93a6 དབྱིབས་འདྲའི་ཐབ་ནི་བརྩིགས་ནས་ཀྱང་།། སྙིང་ཀར་འཁོར་ལོའི་ཐབ་ཏུ་བྱ།། རིགས་ཀྱི་ཡམ་ཤིང་ལྔ་བརྩིགས་ཏེ།། ཧོམ་ལྔ་འབྲེལ་བའི་ལས་ཆེན་བརྩིག། ཐབས་ཆེན་ལྔ་ཡི་ཧོ་མ་ཁུང་དུ།། འཁོར་བའི་སྡུག་བསྔལ་ཡམ་ཤིང
93a7 ལ། ཡེ་ཤེས་ཆེན་པོའི་མེ་གློང་དུ།། ཉོན་མོངས་ལྔ་ཡི་བསྲེགས་སྦྱངས་རྫོགས།། བྱ་བར་སྦྱོར་བ་མཐའ་དག་ཀུན།། ཇི་ལྟར་འབྱོར་ཅིང་འཚམ་པར་འོས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རི།།
93a8 པའི་མདོ་ལས་དྲེགས་པ་ཅན་གནོན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་ཚོགས་འཁོར་བའི་རྒྱ་མཚོ་ཟད་པར་བྱེད་པའི་ཞལ་གྱི་དཀྱིལ་འཁོར།
iiif viewer powered by OpenSeadragon
92b - 93b