e-texts navigator
Collection
Volume
Page
Wylie

92a1 མ་ལྟར་ཁམས་ཅད་ཚུལ་བཞིན་ཀྱར་བྱས་ནས། ། ཁྱེར་ཀུན་དུ་ཟླ་བཞི་ལ།། ཐིག་ལ་ཟླ་བ་གཅིག་ཏུ་བྱ།། དེ་ལ་སྲད་བུ་བཞི་བསྣོལ་བས།། ལེའུ་མ་དབུར་གྱུར་པར་བྱ།། བྱ་རལ་བུ་ཁྲུར་ཟད་པས་བསྐོར།། གྲུ་བཞི་བླང
92a2 རབ་མཛེས་བརྒྱན། ། དེ་ཡི་མཐའ་ཟང་ཁྱམས་གཅིག་ལ།། སྒོ་གཏོང་སྒྲུབ་པ་པོ་ལ་ལྷ།། དབུས་སུ་ཐིག་ལེ་དཀར་དམར་ལ།། ཁ་སྦྱར་བར་དག་རྡོ་རྗེས་འབྲེལ།། དེར་ནི་དཔལ་ཆེན་ཡབ་ཡུམ་བཞུགས།། ཕྱི་མཚམས་ལེའུ་ཆེད
92a3 བརྒྱད་ལ། ཟླ་གམ་བརྐྱང་བ་བརྒྱད་བྱས་ཏེ།། ཡེ་ཤེས་གནས་ཀྱི་མ་བརྒྱད་དགོད།། ཕྱི་རོལ་སྒོ་གཅིག་ཁྱམས་དེ་ལ།། བསྒྲུབ་པའི་རྫས་ཀྱིས་མཛེས་པར་དགྲ་མ།། བསམ་བྱ་བ་སྒྲུབ་པ་ལ་སོགས་ཀུན།། ཐམས་ཅད་དེ་བཞིན
92a4 འདིར་སྦྱར་བྱ། ། འདི་ལྟར་གྲུབ་པའི་སྐྱེས་བུ་གང་།། ཆོས་ཀྱི་རྒྱལ་པོར་གྱུར་པ་སྟེ།། ཐམས་ཅད་ཀུན་ལ་དབང་སྒྱུར་བའི།། སྐྱེས་བུ་ཆེན་པོར་དེ་འགྱུར་རོ།། ཞེས་གསུངས་སོ།། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་ཆོ་འཕྲུལ་ཐམས
92a5 ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་འདི་གསུངས་སོ། ། འདྲས་པ་ཆེན་པོའི་རྣལ་འབྱོར་པ།། འདི་ཡང་ཐམས་ཅད་དེ་འདྲར་སྦྱར།། ཀུན་ཏུ་གྲུ་བཞིར་ལྡན་འགྱུར་བ།། འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ།། གྲུ་ཆད་བཞི་ཡི་ཕྱི་རོལ་དུ།། །
92a6 བཞི་དག་དང་ལྡན་པར་བྱ།། བྱི་ཁྱམས་དམར་ནག་མེ་རི་གློང་།། ཤིན་ཏུ་བརྗིད་ཅིང་འཇིགས་པར་བྲི།། ཐིག་ལེ་དབུས་ཀྱི་སྙིང་པོ་ལ།། ཟླ་གམ་འབར་བས་མཚན་པར་བྱ།། རྩིབས་མཆོག་བརྒྱད་ལ་ཟླ་ག་མ་ནི།། ནང་དུ་ལྟ་བ་དེ
92a7 བརྒྱད་བྲི། རྩིབས་མཚན་བརྒྱད་ལའང་དེ་བཞིན་ཏེ།། རྡོ་རྗེ་སྒོམ་བཞི་རྣམས་ཏེ།། ཕྱག་རྒྱ་རིམ་པར་བཀྲམ་བྱས་ནས།། བསྒྲུབ་པའི་ལས་རྣམས་ཀུན་རྫོགས་བྱའོ།། དེ་ལྟར་གྲུབ་པའི་རྣལ་འབྱོར་པ།། འཇིག་རྟེན་པ་དང་འཇིག
92a8 རྟེན་ལས། ། འདས་པའི་ཆོ་འཕྲུལ་ཐམས་ཅད་ལ།། དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཐིག་ལེ་སྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།།




iiif viewer powered by OpenSeadragon

91b - 92b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo