| | e-texts navigator
|
91b1 བུ་བརྒྱད་ལ་གནས་བརྒྱད་སྦྱར། ། ལྟེ་བ་བསྐོར་ཏེ་རིམ་པར་གཞག། ཐིག་ལེ་ཤར་གྱི་སྒོ་གང་དུ།། རྡོ་རྗེ་རྣལ་འབྱོར་གསང་མིང་དང་།། དངོས་གྲུབ་གསོལ་བྱ་བྲིས་ལ་གཞག། མཆོད་པའི་ཁྱམས་སུ་གྱུར་པ་ལ།། བསྒྲུབ་པའི
91b2 རྫས་དང་མཆོད་པ་རྣམས། ། རིམ་པ་བཞིན་དུ་མཛེས་པར་དགྲམ།། རྡོ་རྗེ་རྣལ་འབྱོར་དེ་དག་རྣམས།། རྡོ་རྗེ་ལྷག་པའི་རྟགས་ཀྱིས་མཚན།། ཏིང་འཛིན་དཀྱིལ་འཁོར་རྫོགས་བྱས་ནས།། སྤྱན་དྲངས་མཆོད་པ་ཀུན་བསོགས་ཏེ།
91b3 འདུག་པ་དངོས་གྲུབ་གསོལ་པ་དང་།། དབང་སྐུར་ལས་རྣམས་ཀུན་རྫོགས་ནས།། རྨད་དུ་བྱུང་བའི་གཏོར་མ་དག། ཆ་གསུམ་དང་པོ་སྤྱན་སྲེག་བྱ།། བར་མ་མི་ཟད་གཏེར་དུ་སྦ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དང་།། ཆོས་ཉིད་ནམ
91b4 མཁའི་དབྱིངས་ཆེན་དང་། ། བྷ་ག་ཡུམ་གྱི་ས་གཞི་ལ།། ཤིན་ཏུ་སྦས་པའི་ཚུལ་དུ་སྦྱར།། ཆ་གཅིག་གཞལ་ཡས་ཤར་སྒོ་ནས།། བཅུ་གསུམ་གཙལ་བར་སྟེགས་བུ་བྱ།། དེར་ནི་གནས་བདུན་གཙོ་རྣམས་ཀྱང་།། དེ་བཞིན
91b5 བཅུ་གསུམ་ལན་རེ་ལ། ། གནས་ཀྱི་འགྲོན་ནི་མ་སྲིད་རྣམས།། བདུན་ཅུ་བར་དུ་ཀུན་རྫོགས་བྱ།། ཐ་མར་མཎ་ཌ་ལ་ཟླ་གམ་ལ།། ནུས་ན་མཁའ་འགྲོ་ནམ་མཁའི་ཧོམ།། རྫོགས་བྱ་མ་ལུས་དེ་མགུ་བྱ།། ལྷག་མར་གྱུར།
91b6 པས་ཀུན་རྫོགས་བྱ།། སྙིགས་མར་གྱུར་པ་ཐམས་ཅད་ཀྱང་།། སྦ་འམ་བསྲེག་གམ་ཆུ་ཀླུང་འདོར།། རྡོ་རྗེ་གནས་ཆེན་དེ་སྲུངས་ཏེ།། གནས་ནི་སྔ་ཕྱིར་སུ་དགགསང་།། མ་རིག་ཕྱིར་ན་མཚན་མ་དག། རང་རང་གནས
91b7 སུ་སླེབས་པར་བྱ། ། གང་དག་འདུ་ཆོ་འང་དེ་བཞིན་ནོ།། འདི་ནི་ཐིག་ལེ་གཅིག་པ་ཡིན།། བསྒྲུབ་ལུགས་ཡིན་པར་རྒྱལ་བས་བཤད།། འདི་དག་སྒྲུབ་པའི་སྐྱེས་བུ་ནི།། ཟླ་བའི་འཁོར་ལོ་ལ་གནས་ནས།། ཉི་མའི་འཁོར་ལ
91b8 ཐོགས་ནས་ནི། ། ཡང་དག་ཆོས་ཀྱི་དབྱིངས་ཉིད་ལ།། དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར།། ཞེས་གསུངས་སོ།། ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། འདི་ཡང་རིམ་ཀྱི་གོང
iiif viewer powered by OpenSeadragon
91a - 92a