e-texts navigator
Collection
Volume
Page
Wylie

91a1 ལགས་ཀྱིས་བདག་ཅག་རྣམས་ཀྱི་དོན་ཆེད་དུ་སྒྱུ་མའི་ཆོས་ཐམས་ཅད་བཤད་དུ་གསོལ་ཞེས་གསོལ་པ་ལས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚོགས་བདག་ཆེན་པོ་སྒྱུ་མའི་ཆོ་འཕྲུལ་ནི་འདི་ལྟར
91a2 རིག་པར་བྱའོ། ། ཆོས་རྣམས་ཐམས་ཅད་སྒྱུ་མར་སྡང་།། སྒྱུ་མིའི་རང་བཞིན་སྟོང་པ་སྟེ།། སྟོང་པའི་དོན་རྣམས་གང་ཡིན་པ།། མི་འགྱུར་མི་ཤིགས་རྡོ་རྗེའི་དོན།། སྟོང་པ་ཉིད་ལ་སྒྱུ་མ་ཡི།། ཆོ་འཕྲུ་འི་བྱེ་བ་མང་པོ་འབྱུང་།། དེ
91a3 བཞིན་སྒྱུ་མའི་ཆོ་འཕྲུལ་ཡང་། ། གྱི་ནད་ཙམ་གྱི་རྒྱུ་རྐྱེན་ལས།། ཆོ་འཕྲུལ་གཟུགས་ནི་ཐ་དད་སྣང་།། སྣང་ཡང་དངོས་པོར་མ་གྲུབ་སྟེ།། འགྱུར་འཇིག་མེད་པས་རྡོ་རྗེའི་འདོན།། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱང་།། རྡེའུ་དང་ཤིང
91a4 བུའི་རྒྱུ་དག་ལས། ། སྨན་དང་སྔགས་ཀྱི་རྐྱེན་སྦྱར་ནས།། འབྲས་བུ་སྒྱུ་མའི་ཆོ་འཕྲུལ་འབྱུང་།། སྒྱུ་མའི་གསད་ཚིག་སྦྱོར་བ་ནི།། སྒྱུ་མའི་བདག་པོས་འདི་སྐད་བཤད།། སྒྱུ་ལ་འདོད་པའི་གཟུགས་བྱས་ལ།། ཤེའུ་རེའུ་སྨན
91a5 གྱི་བཏབ་ནས་ནི། ། གསང་སྔགས་འདི་ཡི་སྦྱོར་བ་བྱ།། ཤེའུ་རེའུ་ཨི་ན་ཡ།། ཨ་མོ་ཁ་ཨ་འགུས་ས་འགུས།། ཆག་ཤིང་དག་གིས་བརྡབས་བྱས་ན།། ཇི་ལྟར་འདོད་པ་སྣ་ཚོགས་བྱ།། བསྡུ་བར་འདོད་ན་སླར་བཟློག་། དེས
91a6 ན་སྒྱུ་མའི་གཡང་བ་ཅན། ། དྲང་བའི་ཐབས་ཀྱི་དཀྲིས་པར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྒྱུ་མ་རྡོ་རྗེའི་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅཝ་བརྒྱད་པའོ།། །། དེ་ནས་ཡང་སེམས་དཔའི
91a7 རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། ། འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ལ་དབང་སྒྱུར་བར་འདོད་ན་འདི་ལྟར་རིག་པར་བྱའོ།། ཕུན་སུམ་ཚོགས་པ་ཀུན་ལྡན་ནས།། སྟེགས་བུ་ཀུན་དུ་གྲུ་བ་ཞི་ལ།། མུ་ཁྱུད་ཅིག་ཏུ
91a8 བསྐོར་ནས་ནི། ། ཟླ་བ་ཁམ་པའི་དབྱིབས་སུ་སྦྱར།། སྒོ་བཞི་གྲུ་ཆད་བཞིར་ལྡན་བྱ།། དབྱིབས་ཀྱིས་ཐིག་ལེ་ཟླུམ་པོ་ལ།། རྡོ་རྗེ་དང་ནི་ཉི་མས་བསྐོར།། དབུས་སུ་བན་ད་དཔལ་ལྡན་ལ།། དཔལ་ཆེན་ཡབ་ཡུམ་སྦར་ལ་བཞག། ཚལ




iiif viewer powered by OpenSeadragon

90b - 91b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo