e-texts navigator
Collection
Volume
Page
Wylie

7a1 ཅད་རངས་པར་བྱས་པས་སྣོད་དུ་རུང་བར་རྣམ་པར་སྦྱངས་ནས་འོད་དེ་དག་འོད་ཀྱི་གནས་སུ་ཐིམ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་མི་གནས་པའི་ཡེ་ཤེས་ཆེན་པོའི་གློང་ནས།
7a2 ངེས་པར་བཞེངས་ནས་སེང་གེ་རྣམ་པར་རྒྱལ་བའི་སྒྲ་ལྟ་བུས་དོན་གྱི་བཀོད་པ་གསང་བའི་ངེས་པ། རྒྱུད་ཀྱི་འགྲེལ་པ་རྟགས་ཀྱི་རོལ་པ། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོ་སྒྲ་འདིས་བཤད་དོ།། ཨ་ཨོ་ཨོཾ། ས་མ་ཡ།
7a3 ཨ་དྷི་གུ་ཧྱ་པུ་ཏི་ཨ་ཧོ་ཀུ་ལ་མ་ཏོང་བྱིད་ཏ་བ་དྲ་ཨ་མོ་གྷ་ཨི་ཤྭ་ར་ས་ཡ་ན་གུ་ཏི་ཨ་ལ་ལ་ཧོ་ཞེས་ཅང་མི་གསུང་ངོ་།། ཀུན་དུ་མི་གསུང་རབ་ཏུ་མི་གསུང་། གསུངས་པ་མི་འགོག། འགོག་པ་མ་ཡིན། མ་གསུངས་པ་ཉིད་ན་རྒྱ་ཆེར
7a4 བཤད་པའི་ངོ་བོར་བཞུགས་སོ། ། རྣམ་པར་བཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ཞལ་གཟིགས་ཏེ་འཛུམ་པས་སྐུལ་བ་རྣམ་པར་མཛད་དོ།། དེ་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་དེས་བསྐུལ་བར་རྣམ་པར
7a5 རིག་ནས་རང་གི་སྟན་ལས་ལངས་ནས། རང་གི་མཚན་མ་གནས་ལྔར་རེག་པར་བྱས་ནས་ལྕེ་པད་མོའི་སྟེང་དུ་བཞག་ནས། ལུས་ས་ལ་བརྡབས་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས་སེང་གེའི་ལྟ་སྟངས་ཀྱི་བྱས་ནས་སྟོན
7a6 འི་ཞལ་དུ་བལྟས་ཏེ། རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ།། ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད།། རྒྱལ་མཆོག་རྒྱལ་པོ་ཆོས་ཀྱི་རྒྱལ་པོའི་མཐུས།། འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ།། ཨ་ལ
7a7 ལ་ཧོ་ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་ལས་ཀྱི་བཀའ་བ་དེས་བྱིན་གྱིས་བརླབས་པའི་ཕྱིར་རྡོ་རྗེ་རྣམ་པར་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
7a8 འདི་སྐད་ཅེས་བཀའ་སྩམ་ཏོ། ། བཛྲ་ཀརྨ་ཙཀྲ་ས་ཏྭ་རཾ། ཞེས་གསུངས་ཏེ། རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་གཅིག་སེམས་དཔའ་རྡོ་རྗེའི་ལག་ཏུ་བབས་པར་གྱུར་ནས་ལས་ཀྱི་རྡོ་རྗེའི་དབང་ཐོབ་པར་གྱུར་ཏེ། རྣམ་པར་རོལ་པ་ཆེན་པོ།




iiif viewer powered by OpenSeadragon

6b - 7b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo