e-texts navigator
Collection
Volume
Page
Wylie

6a1 པའི་རོ་འཕྲུལ་སྟོན། ། མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས།། སྡུག་བསྔལ་རྒྱ་མཚོས་བཅིངས་པ་ཐབས་ཀྱིས་ཁྲོལ།། མ་རིག་མུན་པས་ལྡོངས་པ་དོན་གྱི་ཕྱེ།། འཁོར་བའི་རྒྱ་མཚོ་རོལ་པའི་གྲཝ་ཡས་སྒྲོལ།།
6a2 དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ།། ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན།། རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་རྒྱུད།། འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ།། ཨ་ལ་ལ་ཧོ།། ཞེས་ངེས་པར་བཏུད་དེ
6a3 གསོལ་བ་བཏབ་པོ། ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཀྱི་གླུ་དེས་གསོལ་བ་བཏབ་པ་མཁྱེན་ནས། འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། འཛུམ་པ་མཛད་དོ།།
6a4 འཛུམ་པ་མཛད་པས་ཐུགས་རྣམ་པར་དག་པའི་གློང་ནས་རིག་པའི་ཉི་མ་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བའི་འོད་ཟེར་དང་བཅས་པ་འབྱམ་ཀླས་པ་ཁྱད་པར་ཤར་བར་མཛད་དོ།། འོད་ཟེར་དེ་དག་རེ་རེ་ལས་རྡོ་རྗེ་ཧེ་རུ་ཀ་རབ་ཏུ
6a5 མང་པའི་ཚོགས་བཤད་པར་མཛད་དོ། ། དེ་དག་རེ་རེ་ལས་ཀྱང་སངས་རྒྱས་འབུམ་ཕྲག་འཁོར་སོ་སོའི་ཞབས་འབྲི་བཅས་པ་ལྷུན་གྱིས་གྲུབ་པར་མཛད་དོ།། དེ་དག་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་པས་མུན་པའི་ཀློང
6a6 ཐམས་ཅད་བསལ་བར་མཛད་དོ། ། རིག་པའི་ཆོས་ཀྱི་འབྲུག་སྒྲ་དང་། རིག་པའི་ཆོས་ཀྱི་ཆར་དང་། རིག་པའི་ཆོས་ཀྱི་གླུ་སྣ་ཚོགས་དང་། གར་སྣ་ཚོགས་དང་། རིག་པའི་ཆོས་ཀྱི་མཆོད་པ་སྣ་ཚོགས་བྱུང་སྟེ། འབྱམ་ཀླས་པའི
6a7 ནམ་མཁའ་ལ་སྒྲ་སྣ་ཚོགས་ཕན་ཚུན་དང་། ཡན་མན་དང་། སྣརེལ་ཞི་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་ལིང་ལོང་ཕྱེད་པར་བྱུང་ངོ་།། མཆོད་པའི་ཆར་ཡང་མངོན་པར་བབ། རྨད་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ
6a8 པ་ཡང་ལིང་ལོང་བྱང་རྨད་དུ་བྱུང་བའི་ཐུགས་ཀྱང་ལྷང་ངེའོ། ། རྨད་དུ་བྱུང་བའི་གསུང་བསམ་གྱིས་མི་ཁྱབ་པ་ཡང་ཨ་ལ་ལ་ཧོ་ཞེས་སྒྲ་སྒྲོགས། སངས་རྒྱས་འབུམ་ཕྲག་ཀྱང་གསུང་དབྱངས་བསམ་གྱིས་མི་ཁྱབ་པའི




iiif viewer powered by OpenSeadragon

5b - 6b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo