| | e-texts navigator
|
5a1 གྲོལ་བའི་ཀློང། ། མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས་ཞེས་བསྐུལ་ནས། བཅོམ་ལྡན་འདས་གསང་བའི་མཆོག་གི་བདག་པོ་ངས་ཆོས་ཐམས་ཅད་བྱང་ཆུབ་སེམས་ལ་ཤར་བར
5a2 མཁྱེན་ནས་སྟོང་པ་ཉིད་ཀྱི་ངང་ལས་རྡོ་རྗེའི་སྐུ་མངོན་དུ་ཕྱུང་སྟེ། དཔེར་ན་ནམ་མཁའ་དད་པ་ལས་ཟླ་བ་དྲི་མ་མེད་པར་ཤར་བ་ལྟ་བུའོ།། དེ་ནས་ཡུམ་ས་དཤོ་རི་ཀ་ལ་གཟིགས་ཏེ། འཛུམ་པ་རྣམ་པར་མཛད་དོ།། དཔེར་ན་ཉི།
5a3 མ་སྟོང་ལས་འོད་ཀྱི་ཟེར་བཀྱེ་བ་ལྟ་བུའོ།། དེ་ནས་འོད་ཀྱི་ཟེར་དེ་དག་ལས་བྱང་ཆུབ་ཀྱི་སྤྲིན་མངོན་པར་འཁྲིགས་ཏེ། རོལ་པའི་ཆར་མངོན་པར་ཕབ་པས་རོལ་པ་སྣ་ཚོགས་ཀྱི་འབྲུག་དང་། རོལ་པ་སྣ་ཚོགས་ཀྱི་གློག་དང་། རོལ་བ
5a4 ཚོགས་ཀྱི་མཆོད་པ་དང་། རོལ་པ་སྣ་ཚོགས་ཀྱི་གླུ་དང་། རོལ་པ་སྣ་ཚོགས་ཀྱི་གར་དང་། རོལ་པ་སྣ་ཚོགས་ཀྱི་རྔ་དང་། དུང་དང་། ཀེར་ཀོར་དང་། གླིང་བུ་དང་རོལ་པ་སྣ་ཚོགས་ཀྱི་རྒྱན་དང་། རོལ་པ་སྣ་ཚོགས་ཀྱི་སྒེག་པ་དང་། སྟེག་པ
5a5 དང་འཁྱུད་པ་དང་། སྟེང་བ་དང་སྦྱོར་བ་དང་། བསྟིམ་པ་དང་མཉེས་པ་དང་། རོལ་པ་སྣ་ཚོགས་ཀྱིས་གསོལ་བ་དང་། མྱང་བ་དང་འཆའ་བ་དང་། བདེ་བ་དང་སྤྲོ་བ་དང་། འཇོ་བ་དང་འཇུག་པ་དང་། རོལ་པ་སྣ་ཚོགས་ཀྱི་དགའ་བ་ཆེན་པོ།། །
5a6 ལ་འཇུག་པ་རྣམ་པར་མཛད་དོ།། དེ་ནས་ཡུམ་ཀུན་དུ་བཟང་མོ་དེས་སྤྱན་ཟིམ་བག་གིས་རྣམ་པར་འདུད་པའི་ཚུལ་དུ་བཅོམ་ལྡན་འདས་གསང་བའི་མཆོག་གི་བདག་པོ་ལ་རྣམ་པར་བལྟས་ཏེ། རྣལ་འབྱོར་སྦྱོར་བའི་ཕྱག་ལུས
5a7 ཀུན་དུ་ས་ལ་བརྡབས་ནས་རོལ་པ་ཆེན་པོའི་གྲུ་འདས་གསོལ་བ་བཏབ་པོ། ། ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ།། ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ།། རྡོ་རྗེ་སེམས་པསྐལ་བཟངས་དཔལ་ཁྱོད་བདག།
5a8 ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ངེས་གླུ་དེས་བསྐུལ་བར་ཐུགས་སུ་ཆུད་ནས། བདེ་བ་ཆེན་པོའི་ངང་དེ་ལས་ཆོ་འཕྲུལ་ཆེན་པོར་རྣམ་པར་བཞེངས་ཏེ།
iiif viewer powered by OpenSeadragon
4b - 5b