| | e-texts navigator
|
4b1 དཔལ་སྤྱང་ཀུའི་མགྲིན་ཞེས་བྱ་བ་དང་། ཤིན་དུ་གསོད་པ་ཆེན་པོ་དཔལ་སེང་གེ་མགྲིན་ཞེས་བྱ་བ་དང་། ཤིན་དུ་གསོད་པ་ཆེན་པོ་དཔལ་དོམ་གྱི་མགྲིན་ཞེས་བྱ་བ་དང་། ཤིན་དུ་གསོད་པ་ཆེན་པོ་དཔལ་ཕག་གི་མགྲིན་ཞེས་བྱ་བ།
4b2 དང་། ཤིན་དུ་གསོད་པ་ཆེན་པོ་དཔལ་དྲེད་མོའི་མགྲིན་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་གསོད་མ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་དུར་ཁྲོད་ཅེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེགཏུན་ལུང་ཞེས་བྱ།
4b3 བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་གཏུམ་མོ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་མདའ་སྙོམས་མ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་སྒྲ་འབྱིན་མ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་ཟ་བྱེད་མ་ཞེས་བྱ
4b4 བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་འདྲེན་མ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོ་རྡོ་རྗེ་སྤོར་མ་ཞེས་བྱ་བ་དང་། ཤིན་དུ་གསོད་མ་ཆེན་མོའི་འཁོར་རབ་ཏུ་མང་པོ་རྣམས་དང་། དེ་དག་ལ་སོགས་ཏེ་རྡུལ་ཕྲ་རབ་སྙེད་དང་ཐབས
4b5 གཅིག་གོ། ཡུམ་རྡོ་རྗེ་ཀུན་དུ་བཟང་མོས་དཤེ་རིགས་ཀྱང་ཉིད་ཀྱི་སྐུ་ལ་རྣམ་པར་འཁྲིལ་ཏེ། མདུན་གྱིས་བལྟས་ནས་ཐབས་གཅིག་གོ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཆོས་ཐམས་ཅད་དགོངས་པ
4b6 མཉམ་པ་ཉིད་ལ་ཤར་བར་མཁྱེན་ནས་སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་རང་ལ་སྙོམས་པར་ཞུགས་སོ། ། གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་ཞུགས་སོ།། ཐུགས་མཉམ་པ་ཉིད་མི
4b7 དམིགས་པ་ཞེས་བྱ་བའི་དངལ་རྣམ་པར་བཞུགས་ཏེ། འཇུག་པ་འམ། ལྡོག་པ་འམ། རྣམ་པར་ལྡོག་པ་མི་དམིགས་སོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་དབྱིངས་ཀྱི་ངངལ་མི་གཡོ་བར་རྣལ
4b8 བཞིན་དུ་ཡུམ་རྡོ་རྗེ་ཀུན་དུ་བཟང་མོས་སྟོང་པ་ཉིད་ཀྱི་ཀླུ་འདི་བླངས་ཏེ་རྣམ་པར་བསྐུལ་ཏོ། ། ཡོད་མེང་སྟོང་པ་ཤིན་དུ་ན་ལ་འབྱོར་མཐུས།། ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས།། ཡེ་ཤེས་རྒྱ་མཚོརྣམ་པར
iiif viewer powered by OpenSeadragon
4a - 5a