| | e-texts navigator
|
3a1 ནོར་བུའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། མཚིག་ཆེན་པོ་པད་མའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་པོ་བཀོད་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་མོ་རྡོ་རྗེ་དབང་ཕྱུགས
3a2 ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་ནོར་བུའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་པད་མའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་རྒྱན
3a3 གྱི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་ལ་སོགས་ཏེ། ཤིན་དུ་མི་འདའ་བ་ཆེན་པོའི་འཁོར་དང་། གཞན་ཡང་ཚད་མེད་པའི་འཁོར་འདི་ལྟ་སྟེ། གསང་བ་ཆེན་མོ་བྱམས་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ
3a4 ཆེན་པོ་སྙིང་རྗེའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་དགའ་བའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་བཏང་སྙོམས་ཀྱི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་བདེ་བའི་དབང་ཕྱུག
3a5 མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་བ་ཆེན་མོ་འཇོམས་བྱེད་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་བ་ཆེན་མོ་དགའ་བའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་བ་ཆེན་མོ
3a6 ཁྱབ་པའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ཤིན་དུ་ཚད་མེད་པའི་འཁོར་དང་། གཞན་ཡང་རོལ་པ་ཆེན་པོའི་འཁོར་འདི་ལྟ་སྟེ། རོལ་པ་ཆེན་པོའི་སངས་རྒྱས་ཡཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་པོའི་ས
3a7 རྒྱས་རཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་པོའི་སངས་རྒྱས་བྷ་ག་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་པོའི་སངས་རྒྱས་བི་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོ་རྣལ་འབྱོར་མ་ཡཀྵ་ཤོ་ར~ཾ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན
3a8 མོའི་རྣལ་འབྱོར་མ་རཀྵ་ཤོ་རི་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོའི་རྣལ་འབྱོར་མ་བྷིག་ཤ་ཤོ་ར་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོའི་རྣལ་འབྱོར་མ་བི་ཤྭ་ཤོ་རི་ཀ་ཞེས་བྱ་བ་དང་། ཤིན་དུ་རོལ་པ་ཆེན་པོའི་འཁོར་དང་གཞན་ཡང
iiif viewer powered by OpenSeadragon
2b - 3b