e-texts navigator
Collection
Volume
Page
Wylie

309a1 འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ལས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། རྡོ་རྗེ་འཕྲ་མེན་སྦྱོར་བ་ཡིས།། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། རྟོད་པའི་ཚུལ་དུ་རབ་བསྟབས་ན།། ལྷ་ཡང་རུང
309a2 སྟེ་བརླག་པར་འགྱུར། ། འུག་པའི་མགོ་ཅན་ལ་སོགས་པ།། འཕྲ་མེན་མ་རྣམས་སྤད་བྱས་ཏེ།། མིག་དང་རྣ་བ་སྣ་དང་ལྕེ།། དེ་ཡི་སེམས་འཕྲོགས་བསྒོམ་ཉམས་འགྱུར།། འཕྲ་མེན་རྣམས་ནི་རྦད་བྱས་ཏེ།། དེ་ཡིས
309a3 བསྒྲུབ་པའི་བར་བཅོད་ཅིང་། ། གསང་སྟེ་འཁྲུག་པར་བསྒོམས་བྱས་ནས།། སྒྲུབ་པ་ཉམས་ཤིང་འབྱེ་བར་འགྱུར།། འཕགས་པའི་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་ལས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།།
309a4 ཧོམ་ཁུང་ཟུར་གསུམ་གདེངས་པ་ལ།། རྡོ་རྗེ་མདའ་གཞུ་ལྡན་བྱས་སྟེ།། ཐོད་པ་དག་གིས་རྣམ་པར་རྒྱན།། སྤྱན་དྲངས་བསྲེགས་ན་ལྷ་ཡང་འཆི།། འཕྲ་མེན་མདགས་ཏེ་བཀུག་ནས་ནི།། ཐབ་ཀུན་བསྲེགས་ན་མོད
309a5 ལ་འཆི། ། གསུང་དང་བསྲེས་པའི་ཤ་རྣམས་ཀྱིས།། ལྷ་རྣམས་ཐམས་ཅད་མཆོད་པར་བྱ།། རྡོ་རྗེ་གླུ་ནི་བླངས་ནས་སུ།། འབྱུང་པོའི་ཤ་ནི་ཤིན་དུ་ཞིམ།། འབྱུང་པོའི་ཁྲག་ནི་ཤིན་དུ་ཞིམ།། འབྱུང་པོའི་རུས་པ་ཞིམ་པ
309a6 སྟེ། ། གསོལ་ཏེ་ཐམས་ཅད་དགྱེས་པར་མཛོད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོ་ཧོམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །། ལྕགས་སམ་ནག་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུད་རྩེ་ཟུང
309a7 གསུམ། ། ཁྲོ་བོ་ཁྲོ་མོ་རྣམས་བསྒོམས་ཏེ།། བཏབ་ན་ལྷ་ཡང་བརླག་པར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་ཕུར་པའི་ལེའུ་སྟེ་ཉི་ཤུ་པའོ།། །། ལྕགས་ཕྱེ་དུག་དང་རྡོ་ཕྱེ
309a8 དང་། ། ཁྲག་ལས་སྤྲས་ཏེ་བསྲེས་པ་དང་།། མུད་གའི་ཆན་དང་སྦྱོར་བ་དག། སྦྱོར་བས་གཏོར་ན་དེ་བརླག་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དྲག་པོའི་གཏོར་མའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།




iiif viewer powered by OpenSeadragon

308b - 309b

Texts on this page

Q458 - 'phags pa thabs kyi zhags pa padmo'i phreng zhes bya ba