| | e-texts navigator
|
308b1 རྐང་པ་གཡས་པཐར་དུ་གཟུགས།། ལག་པ་གཡས་པགྱེན་དུ་བསྒྲེང་།། གཡོན་པའི་རྐང་པ་ལག་ཕྱར་བའི།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན།། ལག་པ་གཡས་གཡོན་དཀུར་བརྟན་ཏེ།། རྐང་པ།
308b2 གཤིབས་ཏེ་མཆོངས་པ་ནི།། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཞེས།། དཔའ་བོ་ཆེན་པོས་ཡང་དུ་བཤད།། ལག་པ་གཡས་གཡོན་བསྣོལ་བ་དང་།། རྐང་པ་བརྒྱད་བསྐུམ་བྱས་པ་ནི།། ཁམས་གསུམ
308b3 རྒྱལ་བའི་ཕྱག་རྒྱ་ཞེས། ། མགོན་པོ་དཔའ་བོས་ཡང་དུ་བཤད།། ལག་པ་གཡས་གཡོན་སྤྲུགས་པ་དང་།། ལུས་ཀྱང་དྲག་དུ་གམིགས་པ་ནི།། རྡོ་རྗེ་འཕྲ་མེན་མ་རྣམས་ཀྱི།།
308b4 ཕྱག་རྒྱ་ཡིན་པར་འདྲེན་པས་བཤད།། ཕྱག་རྒྱ་འདི་དག་བཅིངས་ནས་ནི།། སྟོབས་ཆེན་དྲག་དུ་མཆོངས་བྱས་ན།། ཁམས་གསུམ་དག་ལས་མཆོངས་པར་འགྱུར།། གཞན་ཡང་གོ་འཕངས
308b5 ཐམས་ཅད་ཀུན། ། གྲུབ་པར་གྱུར་ཏེ་ཐེ་ཚོམ་མེད།། རིག་པའི་སྐྱེས་བུ་ཆེན་པོས་བཤད།། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་བ་ལས་ཕྱག་རྒྱའི་ལེའུ་སྟེ།།
308b6 བཅུ་དྲུག་པའོ།། །། འཁོར་ལེ་ཆེན་པོའི་རྩིབས་བརྒྱད་པའི།། དཀྱིལ་དུ་ཁྲག་འཐུང་སྤྱན་དྲངས་ཏེ།། མདུན་དུ་ཧཱུཾ་ཡང་སྤྱན་དྲང་ངོ་དོ།། རྒྱབ་དུ་སྟོབས་ཆེན་སྤྱན་དྲངས་ནས།། འཁོར
308b7 ལོ་རྩིབས་ཀྱི་སྟེང་དག་ཏུ། ། བཅུ་པོ་རྣམས་ཀྱང་གོ་རིམས་བཞིན།། སོ་སོའི་གནས་སུ་སྤྱན་དྲངས་ཏེ། དམར་གྱི་ཨངྒ་གསོལ་ནས་ནི།། མཆོད་ཡོན་གཞན་ཡང་དབུལ་བར་བྱ།། རྡོ
308b8 རྗེ་དབྱིངས་ཀྱི་ས་བསྟོད་བྱས་ཏེ། ། དེ་ནས་ལས་རྣམས་བསྒྲུབ་པར་བྱ།། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། ཁྲོས་པས་ཡུད་ཙམ་རླག་མཛད་དེ།། བརླག་པར་མི་འགྱུར་གང་ཡང་མེད།།
iiif viewer powered by OpenSeadragon
308a - 309a