e-texts navigator
Collection
Volume
Page
Wylie

305a1 བཏུབས་ནས་ནི། ཐོད་པ་གཞུང་དང་བཅས་པ་ཡིས།། ཧོམ་ཁུང་གྲགསུམ་སྒོ་ཅན་དུ།། རཾ་ཞེས་བྱ་བའི་མེ་སྦར་ཏེ།། དྲང་སྲོང་འཁོར་བཅས་གཡབ་མོས་པོད།། དེ་ནས་རིགས་སྔགས་བསྲེག་པར་བྱ།། དེ་ལྟར་ལྷ་དང་བདག
305a2 སྦྱར་ན། ། རྣམ་ལྔའི་ཆོས་དང་ལྡན་པར་བྱ།། མ་མོ་ཆེན་མོ་ཤ་ལ་སྤྱོན།། འབྲུང་པོའི་ཤ་ནི་ཟན་པས་ཞིམ།། འབྱུང་པོའི་ཁྲག་ནི་ཆང་བས་ཞིམ།། མ་མོ་ཆེན་མོ་ཁྲག་ལ་སྤྱོན།། གླུ་དང་གར་དང་གད་རྒྱངས་ཀྱིས། སོ་སོར་མཆོད་དེ་བསྒྲུབ་པར་བྱ།། ཟིན་པའི
305a3 སེམས་ཅན་གང་ཡང་རུ། ། དེ་དག་སྐུད་པ་ནག་པོས་བཅིང་།། དེ་ཡང་དུམ་བུར་བཅད་པར་བྱའོ།། དེ་ནས་མི་དེ་སྔ་མ་བཞིན།། ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡིས།། གནས་ལྔ་དག་ཏུ་རྣམ་བཀོད་དོ།། ཟིན་པའི་སེམས་ཅན་སྲུང་བར་བྱ།། ཚ་ཞིང་རྩུབ་པའི་ཤིང་དང་ནི།།
305a4 ཤ་དང་ཆང་དང་ཡོ་བྱད་རྣམས། གནག་ཅིང་རྩ་བར་རྣམ་སྦྱར་ཏེ།། ལྷ་ཆེན་རྣམས་ལ་མཆོད་པར་བྱ།། དེ་ནས་ལས་རྣམས་གྲུབ་པ་དང་། ཧ་ཧ་ལ་སོགས་གད་མོ་དང་།། གླུ་དང་རྡོ་རྗེ་དབྱུག་པ་ཡིས།། ལྷ་རྣམས་བདག་ལ་ཐིམ་པར་བྱ།། འདི་ནི་བདག་ཉིད་སྲུང
305a5 བ་དང་། ། ལས་རྣམས་ཐམས་ཅད་གྲུབ་པར་བྱེད།། ཤར་ཕྱོགས་ན་འཕྲ་མེན་མ་ཀོ་རེ་ཁ་དོག་སྔོན་པོ་ཕྱག་གཉིས་པ་སྟེ། གཡོན་བནད་ཙན་དན་དམར་གྱིས་བཀང་བ་ཐོགས་པ།། གཡས་ན་ཞིམ་ཆུང་ངུའི་དབྱུག་པ་ཐོགས་པ།། ཨོཾ་བཛྲ་ཀཽརི་ཛ་ཛ་ཧཱུཾ་ཞེས་སྟོ།
305a6 རྩ་བརྒྱད་བཟླས་ཏེ་བཅོལ་ན་སངས་རྒྱས་ཀྱང་དགུག་ནུས་ན་གཞན་ལྟ་ཅི་སྨོས།། ཆེ་གེ་མོ་ཞིག་ཁུག་ཅིག་ཅེས་བཅོལ་ནས་གཏོར་མ་དང་ཙན་དན་དམར་ཆེན་ཨརྒ་ལ་ཨོཾ་རུ་ལུ་རུ་ལུ་པཱུ་བྷྱོ་ཞེས་བརྗོད་ཅིང་ཨརྒ་ལན་གསུམ་དུ་བསྒྲེང་ངོ་།། ལྷོ་ཕྱོག
305a7 ན་ཙོ་རི་ཁ་དོག་སེར་མོ་ཕྱག་མདའ་གཞུ་འགེགས་པ། ཨོཾ་བཛྲ་ཙཽ་རེ་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཅོལ་ན་ཕྱག་ན་རྡོ་རྗེའི་མཐུ་ཡང་རྡུལ་ཙམ་ཡང་མེད་པར་རྐུ་ནུས་ན་གཞན་ལྟ་ཅི་སྨོས།། ནུབ་ཕྱོགས་ན་པྲ་མོ་ཧད་མར་མོ་ཕྱག་ན་ཆུ་སྲིད
305a8 གྱི་རྒྱལ་མཚན་ཐོགས་པ། ཨོཾ་བཛྲ་པྲ་མོ་ཧ་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་རང་གི་མཐུ་བཞག་ནས་དབང་དུ་འོད་ན་གཞན་ལྟ་ཅི་སྨོས།། བྱང་ཕྱོགས་ན་པེ་ཏ་ལི་ཁ་དོག་ནག་མོ་ཕྱག་གཡོན་ཞིང་ཆུང་ངུ་འཛིན




iiif viewer powered by OpenSeadragon

304b - 305b

Texts on this page

Q458 - 'phags pa thabs kyi zhags pa padmo'i phreng zhes bya ba