| | e-texts navigator
|
302b1 སེམས་པའི་རྒྱ་ཆེན་ཡིན།། ལག་པ་སྣོལ་ནས་ཁུ་ཚུར་བཅད།། གུང་མོ་གཉིས་ཅི་བརྒྱད་པར་བྱ།། འཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ།། རྡོ་རྗེ་རྒྱལ་པོ་རྒྱ་ཆེན་ཡིན།། ལག་པ་ཁུ་ཚུར་བཅངས་པ་ལས།། གཡོན་གྱི་འཐེབ
302b2 འཛུབ་རྩེ་སྤྲད་དེ། ། གཡས་ཀྱི་གུང་མོ་བརྐྱང་ནས་གདེང་།། རྡོ་རྗེ་འདོད་པའི་རྒྱ་ཆེན་ཡིན།། ལག་པ་གཉིས་ཀྱིས་སོར་མོ་རྣམས།། སོ་སོའི་གུང་མོ་ཚིགས་དང་པོར།། ངོས་བཞི་ནས་ནི་རྩེ་མོ་གཟུགས།། རྡོ་རྗེ་ལེགས་པའི་རྒྱ་ཆེན
302b3 ཡིན། ། ཏིང་སྦྱར་གུང་མོའི་རྩེ་སྤྲད་ཏེ།། འཐེབ་འཛུབ་སྲིན་ལག་ཚིགས་བཅག་སྟེ།། དྲུག་ཆར་རྩེ་སྤྲད་མཐེ་ཆུང་བས།། རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན། མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས།། ལུ་གུ་རྒྱུད་དུ་སྦྲེལ་བར་བྱ།། ལྷག་མ
302b4 འོད་ལྟར་བྱས་ན་ནི། ། རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན།། ལག་ངར་གཡོན་པ་སྒྲེང་ནས་ནི།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། གཡས་པ་གྲུ་མོར་བཟུང་བར་བྱ།། རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན།། གཡོན་གྱི་སྟེང
302b5 དུ་གཡས་གཞག་ནས། ། སོར་མོའི་ཚིགས་བཅག་སྤྲད་བྱས་ཏེ།། ཁ་ཡི་ཐད་ཀར་བཟུང་བར་བྱ།། རྡོ་རྗེ་གཞད་པའི་རྒྱ་ཆེན་ཡིན།། གཡོན་གྱི་སོར་མོའི་རྩེ་རྣམས་ཡིན།། མ་ཕྲད་ཙམ་དུ་བསྡུས་པ་ལས།།
302b6 གཡས་ཀྱིས་འབྱེད་པ་ལྟར་བྱས་པ།། རྡོ་རྗེ་ཆོས་ཀྱི་རྒྱ་ཆེན་ཡིན།། གཡས་ཀྱི་ལག་དར་སྦྲེང་བ་ལ།། མཐེ་བོ་མཐེ་ཆུང་རྩེ་སྤྲད་དེ།། ལྷག་མ་གསུམ་ཡང་སྦེང་བར་བྱ།། གཡོན་པའི་ཁུ་ཚུང
302b7 དཀུར་བསྟུན་པ། ། རྡོ་རྗེ་རྣོན་པོའི་རྒྱ་ཆེན་ཡིན།། ལག་པ་རྒྱ་གྲམ་རྩེ་བསྣོལ་ནས།། མཐེ་བོས་གཉིས་ཀྱི་རྩེ་སྤྲད་དེ།། བསྐོར་བ་ལྟ་བུར་བྱས་པ་ནི།། རྡོ་རྗེ་འཁོར་ལོའི་རྒྱ་ཆེན་ཡིན།། སོར་མོ་ནང་དུ་སྩོལ་བ་ལས།། གུང་མོ་རྩེ་སྤྲད
302b8 འཇུཛུབ་སྦྱར་ཏེ། ། མཐེ་བོས་གུང་མོ་མནན་པ་ནི།། རྡོ་རྗེ་སྨྲ་བའི་རྒྱ་ཆེན་ཡིན།། ལག་པའི་ཁྲིག་མ་བསྣོལ་བ་ལས།། གུང་མོ་གཉིས་ཀྱི་ཚིགས་དང་པོར།། ངོས་བཞི་ས་ཡི་སོར་མོ་བརྟེན།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན།། ལག་པ་གཉིས་ཀྱིས་སོར་མོ་རྣམས།། ཕན་ཚུན་ཐབས་སུ
iiif viewer powered by OpenSeadragon
302a - 303a