| | e-texts navigator
|
2b1 རྡོ་རྗེ་གིང་ཞེས་བྱ་བའི་འདོད་ཆགས་པད་མོ་དང་། རྡོ་རྗེ་ཀརྨ་ཞེས་བྱ་བའི་ཕྲག་དོག་སྣ་ཚོགས་དང་། རྡོ་རྗེ་བྱ་རོག་ཅེས་བྱ་བའི་དྲོད་ཀྱི་རྟགས་འཛིན་དང་། རྡོ་རྗེ་དུས་མཚམས་ཞེས་བྱ་བའི་འཐུན་འཇུག་གི་བཀའ་སྡོད་དང་། རྡོ་རྗེ་སྤུན
2b2 ཐམས་ཅད་དང་། རྡོ་རྗེ་མིང་ཐམས་ཅད་དང་། རྡོ་རྗེ་རིག་འཛིན་ཐམས་ཅད་དང་། རྡོ་རྗེ་ལུས་ཐམས་ཅད་དང་། རྡོ་རྗེ་རྣལ་འབྱོར་ཐམས་ཅད་དང་། རྡོ་རྗེ་ངག་ཐམས་ཅད་དང་། རྡོ་རྗེ་ལས་ཐམས་ཅད་དང་། རྡོ་རྗེ་ཡི་ཐམས་ཅད་དང་།
2b3 རྡོ་རྗེ་མ་ཐམས་ཅད་དང་། རྡོ་རྗེ་གིང་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་ཤུགས་ཀྱིས་འགྲོ་བ་ཐམས་ཅད་དང་། རྡོ་རྗེ་ཕྲ་མེན་ཐམས་ཅད་དང་། རྡོ་རྗེ་ཀུན་དུ་འབར་མ་ཐམས་ཅད་དང་། རྡོ་རྗེ་གནོད་སྦྱིན་ཐམས
2b4 ཅད་དང་། རྡོ་རྗེ་ལས་སྲིན་མོ་ཐམས་ཅད་དང་། རྡོ་རྗེ་སླས་དང་། ཕྱི་མོ་དང་། བྲན་མོ་ལ་སོགས་པ་བུད་མེད་ཐམས་ཅད་དང་། རྡོ་རྗེ་མངག་པ་ལ་སོགས་པའི་རྡོ་རྗེ་ཁྲོ་བོ་ཐམས་ཅད་འདུ་བར་གྱུར་པ། རྡོ་རྗེ་རིགས་ཀྱི་སངས་རྒྱས་ཐམས
2b5 ཅད་དང་། འགྱིང་བག་གི་ཚུལ་གྱིས་བསྙེངས་པ་མི་མངའ་བར་རྡོ་རྗེའི་གདན་ལ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། ཆོ་འཕྲུལ་ཆེན་པོ་ནམ་མཁའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ
2b6 ཆེན་པོ་རྣམ་གྲོལ་སྦྱིན་པ་ཞེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ་ཆེན་པོ་རྣམ་གྲོལ་སྒྲོགས་པ་ཞེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ་ཆེན་པོ་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སངས་རྒྱས་དང་། ནམ་མཁའི་བུ་མོ་དབང
2b7 མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་དགའ་སྡད་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་རྣམ་པར་གདུང་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་སྒྲོན་མ
2b8 ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་ལ་སོགས་ཏེ། ཤིན་དུ་གསང་བ་ཆེན་པོའི་འཁོར་དང་། གཞན་ཡང་དམ་ཚིག་ཆེན་པོའི་འཁོར་འདི་ལྟ་སྟེ། དམ་ཚིག་ཆེན་པོ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་པོ
iiif viewer powered by OpenSeadragon
2a - 3a