e-texts navigator
Collection
Volume
Page
Wylie

297a1 མ་གྲུབ་ན། ཡུལ་གྱི་དངོས་པོ་གང་ལ་འགྲུབ།། ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི།། སྔ་མ་འདས་ཤིང་མི་དམིགས་པ།། ཕྱི་མ་མབྱུང་རྟག་ཏུ་མེད།། དེ་ལྟར་རང་བཞིན་དམིགས་སུ་མེད།། རྩི་ཤིང་ཁ་ན་རླུང་འཕྱོ་འདྲ།
297a2 རྒྱུད་ནི་ཡོངས་སུ་མ་ཆད་པ།། འདི་ནི་ཀུན་དུ་འབྱུང་བ་ཡིན།། དེ་ལྟར་དོན་རྣམས་དངོས་པོ་མེད།། ཆུ་དང་རླུང་དང་རླབས་འདྲ་བ།། དེ་གསུམ་གཅིག་དང་སོ་སོ་མིན།། དེ་བཞིན་ཀུན་གཞི་ཉོན་མོངས་ཡིད།། གཅིག་པ་མ་ཡིན་སོ་སོ
297a3 མིན། ། ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས།། ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་།། གཅིག་ཏུ་ཡང་ནི་བརྗོད་པ་མེད།། དེ་ལྟར་མ་རྟོགས་སེམས་ཅན་ཡིན།། བརྟོགས་ན་སངས་རྒྱས་གུད་ན་མེད།། བྱང་ཆུབ་སེམས་ཀྱི
297a4 དེ་བཞིན་ནི། ། ཤིན་དུ་མི་དམིགས་རྟག་དཀའ་བ།། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ།། ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།། གང་ནས་མ་འོངས་གར་མི་འགྲོ།། འོད་དང་འགྲོ་བར་བྱ་བ་མིན།། ཤིན་དུ་བརྟག་དགའ་མི་དམིགས་པ།།
297a5 མཐའ་དང་དབུས་ཀྱང་རྟག་ཏུ་མེད།། གཟུང་འཛིན་བྲལ་བའི་རང་ཉིད་ནི།། དམིགས་མེད་ཚུལ་དུ་དེ་ལྟར་སྣང་།། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་།། རང་རིག་ཁོ་ན་ཙམ་དུ་ཟད།། སེམས་ཅན་མ་ལུས་ཐམས་ཅད་ཀྱིས།། དེ་ལྟར
297a6 ཁོང་དུ་ཆུད་པར་བྱོས། ། ཉོན་མོངས་སྡུག་བསྔལ་མེད་པ་དང་།། བླ་མེད་འབྲས་བུ་ཐོབ་པར་འགྱུར།། སེམས་ཅན་མ་ལུས་ཐམས་ཅད་ལ།། སྙིང་རྗེའི་ཐག་པ་མ་ཆགས་པར།། ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་།། བྱམས་པ
297a7 དག་གིས་མཉེས་པར་གྱིས། ། དེ་བཞིན་འཁོར་བའི་བརྩོན་ར་ལ།། སྙིང་རྗེའི་ཞགས་པ་ཆེར་བརྐྱང་ནས།། ཉོན་མོངས་འདམ་ནས་འདྲེན་པར་བྱེད།། སྙིང་རྗེ་ཆེན་པོ་སྐྱེ་མ་བྱེད།། དེ་བཞིན་སྐྱེ་བོ་ཕལ་རྣམས་ལ།། ལས་ཀྱི་སྒྲིབ
297a8 པས་མི་གོས་ཤིང་། ། ཐམས་ཅད་མངོན་པར་སངས་རྒྱས་པར།། དགའ་བ་དག་ལ་འགྱོད་པ་མེད།། སེམས་ཅན་དེ་དང་བདག་མེད་ལ།། ཐུགས་རྗེས་གཉིས་རྟོག་མི་འབྱེད་དེ།། བུ་ཅིག་འདྲ་བར་བློ་གཞག་བྱ།། ཐམས་ཅད།།




iiif viewer powered by OpenSeadragon

296b - 297b

Texts on this page

Q457 - gsang ba'i snying po de kho na nyid nges pa