e-texts navigator
Collection
Volume
Page
Wylie

292a1 སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྦྱར།། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་།། སྤྱོད་པ་དག་དང་ཡོད་མི་འཐུན།། ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་།། མཉམ་པའི་ལྟ་བ་ཡོད་མི་ཤེས།། ཁ་ཅིག་ལ་སྤྱོད་གཉི་ག་མེད།། ཡང་དག
292a2 སྐྱེས་མཆོག་དམ་པ་ཡིས། ། དོན་དམ་ཀུན་རྫོབ་དབྱེར་མེད་པས།། ཡང་དག་ཉིད་དུ་རབ་ཏུ་རྟོགས།། བླ་མེད་ཐེག་ཆེན་དང་གནས་ནི།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། ཀུན་རྫོབ་ཙམ་དུ་ཐམས་ཅད་ལ།། དག་དང་མ་དག་གཉི་གང་འཛིན།། ཐབས
292a3 ཀྱི་ཐེག་པ་ཆེན་པོ་ནི། ། རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་ཏུའང་དབྱེར་མེད་དེ།། ལྟ་བ་མཐོ་དམན་དེ་ཙམ་མོ།། ཐབས་ཀྱི་ལྷ་སྤྱོད་ཆེན་པོ་ནི།། བླ་མེད་ཐེག་པ་ལས་འཕགས་པ།། དོན་དམ་ཏུ་ནི་ནོར་བདུན་ནོ།། ཀུན་རྫོབ་དུ་ནི་མཉམ
292a4 རྫོགས་སོ། ། མཉམ་པ་ཉིད་ལས་མ་གཡོས་བཞིན།། ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན།། ཐབས་དང་ཤེས་རབ་རྣམ་པར་དག། ཐམས་ཅད་དག་ཅེས་བྱ་བའི་ཡང་།། དངོས་པོ་གསལ་དག་མ་ཡིན་ཏེ།། སྣང་སྤྱོད་གཉིས་ན་རྣམ་པར་དག།
292a5 དམ་ཚིག་ཆེན་པོའི་མདོ་རྣམས་ལས།། རིགས་ལྔ་དག་ཏུ་བསྟན་པ་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རིགས་ཆེན་དག་ཏུ་ཟད་པར་འདུས།། མ་ལུས་ཆོས་ཀུན་དབྱེར་མི་དམིགས།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། རིགས
292a6 ངན་འཇོམས་པས་རྡོ་རྗེ་ཡིན། ། མེ་དམིགས་དབྱིངས་ནས་ཀུན་འབྱུང་བ།། ཡོན་ཏན་ཆེན་པོ་གནས་ཡིན་ཏེ།། ཞིང་ཁམས་མི་ཟད་གནས་ཀྱང་ཡིན།། འདི་ནི་རིན་ཆེན་རིགས་སུ་གསུངས།། ཆོས་རྣམས་ཐམས་ཅད་དབྱེར་མེད་པས།
292a7 ཆགས་དང་ཆགས་པར་བྱ་བ་མེད།། དེ་བཞིན་ཉིད་དུ་གཅིག་པ་སྟེ།། ཉེས་པས་མི་གོས་པད་མ་བཞིན།། ཐམས་ཅད་མ་ལུས་དབྱིངས་འདུས་པས།། འདི་ལ་བྱ་བ་རྡུལ་ཙམ་མེད།། མ་བྱས་བཞིན་དུ་དོན་གྲུབ་པ།། སྐྱོན་ཡོད་བྱང་ཆུབ
292a8 ཉིད་དུ་སྦྱར། ། འདི་ནི་ལས་རྣམས་གྲུབ་པ་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མཐའ་དང་དབུས་མེད་དུ་མར་བྲལ།། གང་ཡང་མ་ཡིན་དེ་བཞིན་ཉིད།། དབྱེར་མེད་པའི་ཚུལ་རྟོགས་ཏེ།། འདི་ནི་དེ་བཞིན་གཤེགས་པའི




iiif viewer powered by OpenSeadragon

291b - 292b

Texts on this page

Q457 - gsang ba'i snying po de kho na nyid nges pa