e-texts navigator
Collection
Volume
Page
Wylie

291b1 ཆགས་ཤིང་། ། ལུས་ཀྱིས་བསྒྲིབས་དང་ཟས་ཀྱིས་བསྒྲིབ།། ཡི་དགས་ཆེན་པོའི་གནས་སུ་སྐྱེ།། ང་དང་བདག་མེད་མི་ཤེས་ཤིང་།། ཆོས་རྣམས་ཀུན་ལ་ཆོངས་བྱས་པས།། ཤེས་རབ་མི་གསལ་དོན་མེད་པས།། དགེ་སྡིག་གཉིས
291b2 ཀྱི་དོན་མ་རྟོགས། ། འདི་ནི་བྱོལ་སོང་གནས་སུ་སྐྱེ།། ཤིན་ཏུ་ང་རྒྱལ་ཆེར་སྐྱེད་ཅིང་།། ཐམས་ཅད་བདག་གིར་བཟུང་བས་ན།། ཀུན་དང་རྩོད་པའི་ལས་བྱེད་པ།། ལྷ་མ་ཡིན་གྱི་གནས་སུ་སྟེ།། ཐེག་མཆོག་མཐོ་དམན་ཐམས་ཅད་དང་།།
291b3 འཇིག་རྟེན་ལྟ་བ་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོས་རབ་བརྟགས་ན།། རང་བཞིན་མེད་ལ་ཅིར་ཡང་འགྲུབ།། རང་བཞིན་དབྱིངས་ལས་ཉམས་པ་མེད།། ཤེས་རབ་ཆེན་པོ་མིག་ལྡན་པས།། མཐོ་དམན་གནས་དང་ལམ་དྲུག་དང་།།
291b4 རང་བཞིན་མེད་ལ་ཅིར་ཡང་འགྲུབ།། སོ་སོར་དེ་བཞིན་འཁོར་བར་གཟིགས།། སྔགས་མཆོག་བླ་ན་མེད་པས་ནི།། མཚན་མ་ཀུན་དང་མི་བརྟག་པར།། མཚན་མ་ཀུན་དང་ཐམས་ཅད་མེད།། ཀུན་དང་མཉམ་པ་ཉིད་ཡིན་པས།།
291b5 འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་ལྟ་བ་བརྗོད་མི་བྱ།། སྤྱི་ནི་ལོག་རྟོག་བསམ་ཡས་པ།། ཡེ་ནས་ཡོད་པ་མ་ཡིན་ཏེ།། སོ་སོའི་རྣམ་རྟོག་བག་ཆགས་ཀྱིས།། བཟུང་འཛིན་དྲ་བས་བསྒྲིབས་འགྱུར་ཏེ།། ཅི་ཡང
291b6 མེད་ལ་ཅིར་ཡང་སྣང་། ། སྣང་བ་ཉིད་ལ་རང་བཞིན་མེད།། དེ་ལྟར་རྟོགས་ན་བདེར་འགྲོའི་གནས།། རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས།། རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི།། ཅིར་ཡང་སྤྱོད་ཀྱང་རང་བཞིན་མེད།། མཁའ་ལ་བྱ་ཆེན་ལྡིང
291b7 བབཞིན། ། ཆུ་ལ་སྐྱེར་ཆེན་འཕྱོ་བ་བཞིན།། མཁའ་ལ་རླུང་ཆེན་འགྲོ་བ་བཞིན།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟ།། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།། བདེ་བའི་རོ་མཆོག་མྱོང་བར་འགྱུར།། དེ
291b8 ལ་སུ་ཞིག་ཆགས་པར་བྱེད། ། སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན།། བདེ་བའི་མཆོག་ཉིད་བསོད་ནམས་ཚོགས།། དེ་ལྟ་བུའི་ངང་དུ་སྤྱོད།། འདི་ནི་སྤྱོད་པ་བརླབས་ཆེན་ཡིན།། ལྷ་སྤྱོད་ཡ་མར་མ་འགྱུར་བར།




iiif viewer powered by OpenSeadragon

291a - 292a

Texts on this page

Q457 - gsang ba'i snying po de kho na nyid nges pa