e-texts navigator
Collection
Volume
Page
Wylie

291a1 ཡིད་ཀྱི་རྟོག་ཆགས་མ་ལུས་པ།། ཚུལ་ཉ་ཆེན་འཕྱོ་བ་ལྟར།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས།། དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས།། ཚིག་ཙམ་མ་ཡིན་བློ་གཏིང་སྤོས།། རྡོ་རྗེ་ཐེག་མཆོག་ཁ་འ་ཆེས་ལ། @#
291a2 པའི་དོན་ཉིད་མི་ཤེས་པར། ། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་།། ཐུགས་ཐུབ་དག་གིས་སྤད་བྱས་པ།། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར།། མཉམ་པའི་དོན་ཉིད་ཇི་ལྟ་བུ།། མཉམ་དང་རྟོགས་པ་གང་ཡང་མེད།།
291a3 ཛལ་མི་གནས་ཡུལ་ལ་སྤྱོད།། སྤྱོད་པར་བྱེད་དང་སྤྱོད་པ་མེད།། དེ་ལྟར་རྟོགས་པའི་རིགས་མཆོག་ནི།། རྡོ་རྗེ་རིགས་འཛིན་སྐྱེ་བ་ན།། འཇིག་མེད་ཀུན་ཏུ་བཟང་པོར་སྦྱོར།། ཡོན་ཏན་མི་ཟད་གནས་པ་ཡིན།། མཉམ་པའི་དོན་ཉིད་མི
291a4 ཤེས་ཤིང་། ། ཀུན་རྫོབ་དོན་དམ་གཉིས་མེད་ལ།། ཆོས་དང་གང་ཟག་གཉིས་མེད་ན།། འདི་ནི་བྱང་ཆུབ་ས་པ་ཡིན།། ལས་དང་ཉོན་མོངས་ཐམས་ཅད་ལ།། མཉམ་པའི་དོན་ཏུ་མི་ཤེས་ཤིང་།། རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན།།
291a5 འདི་ནི་རང་སངས་རྒྱས་ཀྱི་ས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་།། སྤང་དང་མི་སྤོང་བྱེད་འགྱུར་བ།། འདི་ནི་ཉན་ཐོས་ས་བ་ཡིན།། དགེ་བཅུ་དག་ལ་གཙོར་ལེན་ཅིང་།། དགེ་དང་མི
291a6 དགེ་མི་མཉམ་པས། ། ལྷ་དང་མིའི་སྐྱེ་གནས་ཏེ།། འདོད་ཁམས་དག་ཏུ་འཁོར་བའི་ས།། མཉམ་པའི་དོན་ཉིད་མི་རྟོགས་ཤིང་།། ཚད་མེད་བཞི་དང་བསམ་གཏན་བཞི།། རིམ་པ་སོ་སོར་བདག་འཛིན་ཅིང་།། གཟུགས་ཚོགས
291a7 དག་ལ་བདག་ཏུ་རྟོགས། ། འདི་ནི་ཚངས་གནས་རིམ་པར་ས།། མཉམ་དང་གཟུགས་མེད་མ་རྟོགས་པར།། མིང་བཞི་མེད་པར་མ་ཤེས་ཏེ།། སྐྱེ་མཆེད་བཞི་ལ་གནས་འགྱུར་བས།། སྲིད་པའི་རྩེ་མོའི་ས་རུ་སྱེ།། ཐམས་ཅད
291a8 མཉམ་པར་མ་ཤེས་ན། ། མ་ལུས་ཀུན་ལ་ཞེ་སྡང་ཞིང་།། སྙིང་རྗེ་ཡང་དག་མེད་འགྱུར་ན།། འདི་ནི་མི་ཟད་ཆེན་པོ་ཡི།། དམྱལ་ཁམས་བཅུ་དྲུག་གནས་པ་ཡིན།། ཆགས་མེད་དངོས་པོ་མི་ཤེས་ནས།། ཐམས་ཅད་ཀུན་ལ་འདོད




iiif viewer powered by OpenSeadragon

290b - 291b

Texts on this page

Q457 - gsang ba'i snying po de kho na nyid nges pa