e-texts navigator
Collection
Volume
Page
Wylie

289b1 ཤིང་བྱང་བསྒྲུབ་མེད། ། དེ་བཞིན་ཉིད་ཀྱི་གློང་གྱུར་ན།། བདེ་དང་མི་བདེ་དབྱེར་མེད་དེ།། ཡེ་ནས་དག་མཉམ་ཉིད་དུ་གནས།། དེ་ལ་བསྲུང་བྱ་རྡུལ་ཙམ་མེད།། ཐམས་ཅད་བསྲུང་བ་མེད་པ་ཞེས་བྱ་བའི་དམ་ཚིག་ནི།། སེམས་ཅན
289b2 ཁམས་གསུམ་འཁོར་བ་ཡི། ། ཐོག་མ་མེད་ནས་འཁོར་བ་ཡི།། ཕྱིན་ཅི་ལོག་ལ་འརྡོལ་ཏོག་སྤྱོད།། བཟུང་འཛིན་དོན་ལ་ཤིན་ཏུ་ཆགས།། དེས་ན་འཁོར་བར་རྟག་ཏུ་འཕྱན།། དེ་བས་རང་སེམས་རྟོགས་བྱས་ཏེ།། ལེ་ལོ་མེད་པར
289b3 ཡོངས་སྤངས་ཏེ། ། དམེད་བདག་མེད་མཉམ་པར་བསྲུང་།། ཐམས་ཅད་འཇིགས་པར་བྱེད་པ་ཞེས་བྱ་བའི་དམ་ཚིག་ནི།། རྡོ་རྗེ་སེམས་དཔའས་བཀས་བཅད་པ།། སྡོམ་པའི་རྩ་བ་ཐམས་ཅད་ཀུན།། དོན་བཞིན་དུ་ནི་མ་སྣངས
289b4 ཡཀྵ་ཁྲོ་བོ་མེ་དཔལ་གྱིས། ། སྙིང་ནས་དྲངས་ཏེ་ཁྲག་འཐུངས་ནས།། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ཡི་སྡུག་བསྔལ་བཟོད་བརླག་ཆད།། དམ་ཚིག་འདི་ནི་རྡོ་རྗེ་ཆེ།། དམ་རྫས་སོ་སོར་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི།།
289b5 རིགས་ལྔ་སོ་སོར་དབྱེ་བ་ཡི།། རྡོ་རྗེ་སེམས་དཔའ་གླང་པོའི་ཤ། རིན་པོ་ཆེ་ནི་རྟའི་ཤ། པད་མ་རིགས་ནི་ཨ་རི་ཀའི་ཤ། དོན་ཡོད་ནམཁའ་ལྡིང་གི་ཤ། བདེར་གཤེགས་རིགས་ནི་ཤ་ཆེན་ནོ།། དབྱེ་བ་འམ་ཡང་ན་མི་དབྱེ་བར།། དེས
289b6 པར་དང་དུ་བླང་བའོ། ། ཡང་ན་ཐམས་ཅད་གཅིག་ཏུ་བསྡུ།། ཡང་ན་མཚན་ཉིད་མེད་པར་རྟག། ཏིང་འཛིན་ཕྱག་རྒྱའི་དམ་ཚིག་ནི།། བདེར་གཤེགས་དཀྱིལ་འཁོར་མ་ལུས་ཀུན།། ཡེ་ནས་རང་བཞིན་གསལ་བ་ལ།། ཐམས
289b7 ཅད་ཀུན་ལ་ཡོད་བར་བཤད། ། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཉིད།། བླ་ན་མེད་པའི་མཆོག་ཡིན་ཏེ།། རྡོ་རྗེ་རིགས་མཆོག་ཐམས་ཅད་ཀྱི།། བར་མ་ཆད་པར་རྟག་ཏུ་བསླབ།། བྱང་ཆུབ་ཤིང་དུང་སྐྱེ་བར་འགྱུར།། བླ་མེད
289b8 བྱང་ཆུབ་མཆོག་ཀྱང་གྲུབ། ། སྐྱེ་འཆི་མེད་པའི་བདེ་འགྲུབ་སྟེ།། སེམས་ལ་དབང་ཡང་ཐོབ་པར་འགྱུར།། སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པའི་ལེའུ




iiif viewer powered by OpenSeadragon

289a - 290a

Texts on this page

Q457 - gsang ba'i snying po de kho na nyid nges pa