e-texts navigator
Collection
Volume
Page
Wylie

288b1 གཤེགས་སྐུ་སྒྲ་མར་སྣང་བ་དང་།། ལོག་རྟོགས་སྒྱུ་མར་སྣང་བ་གཉིས།། གཞི་རྩ་མེད་དེ་རང་བཞིན་སྟོང་།། རིགས་དང་རྒྱུད་དུ་རྟག་ཏུ་མེད།། རིགས་དང་ཁ་དོག་དབྱིངས་མེད་པས།། ཕྱི་ནང་སྣོང་བཅུད་རྣམ་པར་སྣང་།། སྣང་བ་ཉིད་ན
288b2 ཆོས་ཀྱི་སྐུ། ། ཅར་ཡང་འགྱུར་ཞིང་ཐམས་ཅད་འགྲུག།། ཀུན་འབྱུང་དངོས་གྲུབ་དེ་ལྟར་རོ།། གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ཀུན།། རྣམ་རྟོག་འདུ་བྱེད་མང་པོས་གཡེངས།། ཇི་ལྟར
288b3 བུས་པ་ཤེད་མ་བྱེ། ། བྱ་བྱེད་མང་པོས་གཡེངས་པར་གནས།། བྱ་བྱེད་མང་པོས་བདག་མེད་པས།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། མཚན་མ་མཉམ་པའི་དབྱིངས་སུ་གནས།། འདུ་བྱེད་སྣ་ཚོགས་མི་གཡོ་བརྟན།། དབང
288b4 ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ། ཆོས་རྣམས་ཐམས་ཅད་སྐྱེ་མེད་པས།། ཤིན་ཏུ་བརྟན་པ་དབང་ཐོབ་འགྱུར།། རང་རིག་ཡེ་ཤེས་འོད་གསལ་བས།། ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ།། ཆོས་རྣམས་ཐམས
288b5 ཅད་དབྱེར་མེད་པས། ། ཀུན་ལ་སྤྱོད་པའི་དབང་ཐོབ་སྟེ།། སྤྱོད་ཅིང་ཆགས་པ་མེད་པའི་ཚུལ།། ཀུན་ཀྱང་རང་བཞིན་ཡེ་ནས་ཟླུམ།། ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི།། ཕྱོགས་བཞི་མཚམས་བཞི་སྟེང་འོག་པ
288b6 རང་བཞིན་ཆེན་པོས་ཀུན་ཏུ་ཁྱབ། ། རང་བྱུང་དེ་ཉིད་དངོས་མེད་པར།། ཀུན་གྱི་ཕྱག་རྒྱ་སྒྲ་ཡིན་ནོ།། ཆོས་དབྱིངས་དེ་ཉིད་ཟབ་པ་ཡི།། བདག་ལ་གནས་ཤིང་བརྟག་དཀའ་བའོ།། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། ཡེ་ནས
288b7 བདེ་གནས་ཞིང་དུའོ། ། ཆོས་རྣམས་དབྱེར་མེད་པ་ཞེས་བྱ་བའི་དམ་ཚིག་ནི།། ཡེ་ནས་དབྱིངས་སུ་རོ་གཅིག་པས།། དེ་ལ་ང་ར་དང་བདག་མ་རྟོགས།། རང་བཞིན་རྣམ་པར་དག་པ་ལ།། གཙང་དང་སྨེ་བའི་བློ་ཙམ་མེད།། ཐམས་ཅད་བདེར
288b8 གཤེགས་སྙིང་པོ་པས། ། རྐྱེན་གྱིས་རྡུལ་གྱིས་ག་ལ་འགོ། ཤེས་རབ་མཆོག་གིས་དེ་ལྟར་རྟོགས།། མ་ལུས་ཀུན་འདུས་དབྱིངས་ཤེས་བྱོས།། ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཤེས་རབ་བློ་རྩལ་ལྡན་པ་ཡིས།། །




iiif viewer powered by OpenSeadragon

288a - 289a

Texts on this page

Q457 - gsang ba'i snying po de kho na nyid nges pa