e-texts navigator
Collection
Volume
Page
Wylie

287a1 བརྗོད་པའོ། ། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ།། ཡང་དག་རྟོགས་པས་རབ་བརྟགས་པ།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ།། སུས
287a2 ཀྱང་མ་བཅོས་མ་བྱས་པ། ། བདག་གི་བདག་ཀྱང་དམིགས་མི་འགྱུར།། དངོས་མེད་ཀུན་ལ་དབང་བསྐུང་བ།། སྐུ་གསུང་ཡང་དག་ལྡན་འགྱུར་ན།། ཡོན་ཏན་ནམ་མཁའི་ཐ་དད་མཉམ།། མི་འགྱུར་སངས་རྒྱས་ཞིང་དུ་བུབ།། སྤྱོད་ཡུལ་མ
287a3 ལུས་ཐམས་ཅད་ལ། ། ཇི་ལྟར་དམིགས་པ་བཞིན་དུ་འབྱུང་།། མི་ཟད་པའི་གཏེར་ཆེན་འགྲུབ།། གཞན་གྱིས་དབྲོག་ཏུ་མེད་པ་ཡི།། པོ་འདིའི་བཀོར་ནི་རིན་པོ་ཆེ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། བླ་བྱེད་མེད་པར་རྣམ་བཞི་མཛད།། མཛད
287a4 དང་མཛད་པར་བྱ་བ་མེད། ། ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས།། སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།། སྤྱོད་མེད་ངང་གི་དཀྱིལ་འཁོར་ལ།། ཆགས་མེད་ཚུལ་དུ་རྣམ་པར་རོལ།། བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་།། བྱེད་པ་ཉིད་ན་ཆུ་ཟླའི་ཚུལ།། བཟུང་འཛིན
287a5 བྲལ་བའི་ཡེ་ཤེས་ནི། ། རྩ་བ་ལྔ་ཞེས་བརྗོད་མོད་ཀྱིས།། བརྗོད་པ་ཉིད་ན་ཡོད་མེད་དེ།། མཚན་ཉིད་མེད་པ་སྣ་ཚོགས་སྣང་།། དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན།། ཀུན་ལ་ཁྱབ་ཅིང་མི་གནས་པ།། དེ་ནི་རིག་པ་རང་དབང་འགྱུར།། བསམ་གྱིས་མི
287a6 ཁྱབ་ཀུན་ཏུ་ཁྱབ། ། ནམ་མཁའ་སྣང་བྱེད་ཅེས་བྱ་བ་དམཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱིས་ཀུན་དུ་ཁྱབ།། སྣོད་བཅ་མ་ལུས་ཐམས་ཅད་ལ།། སྣང་བ་ཆེན་པོས་ཁྱབ་པར་འགྱུར།། ནམ་མཁའ་བཟུང་དུ་མེད་པ
287a7 ལྟར། ། སྣང་སྲིད་ཐམས་ཅད་དེ་དང་འདྲ།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ནི་ནམ་མཁའི་རང་བཞིན་ནོ།། བརྟེན་བྱེངས་ཆེན་ཞེས་བྱ་བའི་དམ་ཚིག་ནི།། ཇི་ལྟར་ས་གཞི་ཆེན་པོ་ལ།། སེམས་ཀྱིས་ཟིན་དང་མ་ཟིན་པའི།། སྐྱེ་འཁྲུངས
287a8 མ་ལུས་ཐམས་ཅད་འབྱུང་། ། ཐམས་ཅད་ཀུན་གྱི་གནས་བརྟེན་ཏེ།། དེ་བཞིན་ཐེག་ཆེན་བླ་མེད་ལ།། བྱང་ཆུབ་སངས་རྒྱས་ཀུན་ཀྱང་གནས།། ཐེག་པ་མཐོན་དམན་ཐམས་ཅད་འབྱུང་།། ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས།། སྲེག་བྱེད།




iiif viewer powered by OpenSeadragon

286b - 287b

Texts on this page

Q457 - gsang ba'i snying po de kho na nyid nges pa