| | e-texts navigator
|
286a1 གཤེགས་པ་ཉིད་ཀྱིས་བཤད་དོ། ། མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བདག་དང་བདག་གི་གཞན་ན་མེད།། རང
286a2 བཞིན་རང་གིས་བདག་མེད་པ། ། ཀུན་ལ་ཐོགས་མེད་སྤྱད་འགྱུར་ཡང་།། སྤྱད་དང་སྤྱོད་པ་གཉི་ག་མེད།། ཐམས་ཅད་ཡེ་ནས་སྟོང་པ་ལ།། གང་གིས་ལེན་ཅིང་གང་ལ་སྤྱོད།། སྣང་སྲིད་མ་ལས་ཐམས་ཅད་ལ།། ཐོགས་པ་མེད་པའི
286a3 སྤྱོད་འགྱུར་ཡང་། ། བཅིང་བར་མིད་འགྱུར་བསོད་རྣམས་ཚོགས།། ཆགས་མེད་ཡེ་ཤེས་ཆེན་པོ་ཡིན།། མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས།། དེ་ལྟར་རང་རིག་ཡིན་པར་བཤད།། གཉིས་སུ་མེད་པར་རྟོགས་གྱུར་ན།། བླངས་པ་ཉིད་ན་ཀུན་དུ
286a4 བཟེང་། ། བརྫུན་བུ་སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུ་ས་ཐམས་ཅད་ཀུན།། ཡིན་པ་དངོས་པོ་ཡང་མ་ཡིན།། རང་བཞིན་དང་གིས་འོད་གསལ་ལ།། མིང་ཙམ་ཚིག་གི་མཚན་མོད་ཀྱིས།། མིང་དང་ཚིག་ལ་དང།།
286a5 པོ་མེད།། མ་རིག་པ་ཡི་འཁྲུལ་རྟོག་གིས།། ང་དང་བདག་ཏུ་མེད་པ་ལ།། སོ་སོ་མཚན་མ་དངོས་པོར་བཐོར།། འཛིན་པའི་དངོས་པོ་ཡོད་མེད་དེ།། ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ།། ཇི་སྙེད་མང་པོ་བརྗོད་པ་ཡང་།། རྗོད་པར་བྱེད།
286a6 དང་བརྗོད་པ་མེད།། ཆོས་རྣམས་ཐམས་ཅད་བརྫུན་དུ་སྣང་།། བརྫུན་ཉིད་ལ་ནི་བརྫུན་སྤྱོད་ཅིང་།། བརྫུན་ཞེས་བྱ་བ་བཏགས་པ་ཙམ།། ཐམས་ཅད་བརྫུན་གྱི་ཚིག་ཡིན་ནོ།། རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ཐོག་མ་མེད
286a7 ནཔ་ཕྱིན་ཅི་ལོག། བདག་དང་བདག་གི་མེད་པ་ལ།། རྣམ་རྟོག་མཚན་མ་སོ་སོར་འཛིན།། འཛིན་པའི་དངོས་པོ་ཡོད་མ་ཡིན།། མི་མཐུན་མཚན་མ་གཞོམ་པའི་ཕྱིར།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བདག་རྟོག་བག་ཆགས
286a8 ཀུན་བཅོམ་ནས། ། རྡོ་རྗེ་དབྱིངས་སུ་ཐིམ་པར་བྱ།། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ཁམས་གསུམ་ཉོན་མོངས་འཁོར་བའི་རྣམས།། གཞན་གྱིས་བཅིངས་ཏེ
iiif viewer powered by OpenSeadragon
285b - 286b