e-texts navigator
Collection
Volume
Page
Wylie

285b1 གནས་པའི་སེམས་ཅན་མ་ལུས་ཀུན།། ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ།། ཡེ་ཤེས་མེ་ཆེན་བསྒོམ་བྱས་ན།། ཐམས་ཅད་མ་ལུས་བསྲེག་པར་བྱེད།། དབྱིངས་སུ་ཡང་ནི་བསྟིམ་བྱས་ཏེ།། དེ་བཞིན་གཤེགས་པར་བྱིན་གྱིས
285b2 བརླབས། ། རྒྱལ་བའི་སྲས་སུ་དབང་ཡང་བསྐུར།། དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང་།། བསྒྲལ་བའི་དངོས་པོ་གང་ཡང་མེད།། ཕུང་པོ་ལྔ་པོ་བཤིག་པ་ལ།། གཤི་གནས་འབྱུང་བ་བག་ལ་ཞ།། མ་གཤིག་ན་ཡང་འབྱུང་བ་ཡིན།། རྣབ
285b3 ཤེས་མེད་པས་བསང་བྱས་ན། ། གནས་པ་ཉིད་ན་དངོས་པོ་མེད།། སེམས་ཀྱི་རང་བཞིན་དེ་ལ་ནི།། དུས་གསུམ་སངས་རྒྱས་དགྲ་ལངས་ཀྱང་།། སུས་ཀྱང་མི་ཟིན་སོང་བ་མེད།། འོ་ན་ཐུགས་རྗེས་གང་བསྒྲལ་ན།། རྣམ་རྟོག་མཚན་མ
285b4 ཐམས་ཅད་ཀུན། ། ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་།། ཤིན་ཏུ་བསྒོམས་པས་དབང་བསྐུར་ཏེ།། བྱང་ཆུབ་ཞིང་ལ་དགོད་པར་བྱ།། དེ་ཙམ་ལ་ནི་བསྒྲལ་ཞེས་གདགས།། བསྒྲལ་པ་ཉིད་ན་སྦྱོར་བ
285b5 ཡིན། ཉོན་མོངས་སྡུག་བསྔལ་རྩད་བཅད་ནས།། བྱང་ཆུབ་གནས་སུ་བསྒྲལ་བས་ན།། གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན།། ཐབས་ཉིད་ཤེས་རབ་ཤེས་རབ་ཉིད་ཐབས་ཏེ།། གཉིས་སུ་མེད་པ་ཉིད་བྱང་ཆུབ་ཀྱི་སེམས་སོ།།
285b6 སྦྱོར་བ་ནི་ལྷ་དང་ལྷ་མོར་སྦྱོར་བའི་དཀྱིལ་འཁོར་དང་།། དབང་པོ་ཡུལ་དུ་སྦྱོར་བ་དང་།། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱོར་བ་དང་།། སོ་སོ་རྩ་ལ་སྒྱུ་མ་ཙམ་དུ་ཡོད་པ་ཡུམ་དུ་སྦྱོར་བ་དང་།། དབང་པོ་ཡུལ་དུས་ལྷ་དང་ལྷ་མོད
285b7 སྦྱོར་བ་དང་། ། རྟག་ཆད་མུ་བཞི་ཁྲོ་བོ་ཁྲོ་མོར་སྦྱོར་བ་དང་།། མངོན་སུམ་དུ་སྦྱོར་བའོ།། སྒྲོལ་བ་ནི་ཐབས་ཀྱིས་སྒྲོལ་བ་དང་། འཕོ་བས་སྒྲལ་བ་དང་། དུས་བཞི་མཉམ་པ་ཉིད་དུ་བསྒྲལ་བ་དང་། ཐམས་ཅད་མ་ལུས་པར་དབྱིངས་སུ
285b8 དུས་གཅིག་བསྒྲལ་པ་དང་། ཐམས་ཅད་ཐུགས་རྗེ་ཆེན་པོས་གཉིས་སུ་མེད་པར་བསྒྲོལ་བའོ།། འདི་ཉིད་དུས་གཅིག་ཏུ་མཛད་དེ། ཡ་ཆང་མ་གྱུར་པར་བྱའོ།། དངོས་གྲུབ་མཆོག་ཀྱང་དེར་ཐོབ་ཅེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞི




iiif viewer powered by OpenSeadragon

285a - 286a

Texts on this page

Q457 - gsang ba'i snying po de kho na nyid nges pa