| | e-texts navigator
|
282b1 དེ་ལྟར་རྟོགས་པའི་ཡེ་ཤེས་ནི།། ཀུན་ལ་དབང་བསྒྱུར་རང་དབང་ཅན།། ཐམས་ཅད་ཚིག་གི་སྒྲ་ལྟར་སྣང་།། འདི་ནི་ཡེ་ཤེས་གསུང་མཆོག་ཡིན།། བསམ་ཡས་ཡེ་ཤེས་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་བསམ
282b2 གྱིས་མི་ཁྱབ་སྟེ། ། མཐའ་དང་དབུས་མེད་ཀུན་དུ་ཁྱབ།། ཁྱབ་དང་ཁྱབ་མེད་རྡོ་རྗེའི་གསུང་།། སྒྲ་སྐད་སྣ་ཚོགས་བསྒྲགས་པ་དང་།། དངོས་པོ་མེད་ལ་དངོས་པོའི་སྒྲ།། ཇི་ལྟར་པི་པར་ལག་ཐོགས་ན།། སྒྲ་ནི་སྣ་ཚོགས་འཐུང་འགྱུར
282b3 ཡང་། ། དངོས་པོ་མེད་པ་དེ་བཞིན་ཉིད།། ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི།། ཕྱོགས་བཅུ་མ་ལུས་ཐམས་ཅད་དང་།། དུས་བཞིར་འབྱུང་བ་མ་ལུས་ཀུན།། ཕྱོགས་དང་སྔ་ཕྱི་མེད་པ་ཡི།། ཐམས་ཅད་དེ་བཞིན་ཉིད
282b4 ཀྱི་དབྱིངས། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་སྣང་བ་ཐམས་ཅད་ཀུན།། རང་རིག་རྒྱལ་པོར་ཡང་དག་འདྲ།། རང་རིག་དེ་ཉིད་ཐམས་ཅད་ཡིན།། འཇིགས་མེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི།། འདུས་མ་བྱས་ཉིད
282b5 འདུས་བྱས་ཡིན། ། འདུས་བྱས་སྡང་དང་མི་སྣང་གཉི་ག་མིན།། ཡོད་དང་མེད་པའང་དབྱེར་མེད་དེ།། རང་བཞིན་ཡེ་ནས་དག་པ་ཡིན།། མ་བཅོས་མ་བྱས་དང་གིས་གསལ།། འཇིག་དང་བཞིག་པར་བྱ་བ་མིན།། ཅིས་ཀྱང་མི་ཆུག
282b6 རྡོ་རྗེའི་བདག་ཅེས་གསུངས་སོ། ། དེ་བཞིན་སུ་ཉིད་ཅེས་བྱ་བའི་དམ་ཚིག་ནི།། དེ་བཞིན་ཞིང་ཁམས་བསམ་ཡས་དང་།། འགྲོ་བ་མ་ལུས་ཐམས་ཅད་ལ།། ཐར་པ་རྣམས་ལ་དག་པའི་སུ།། རྟོག་པ་ཅན་ལ་འཁོར་བའི་ལུས།
282b7 སོ་སོར་འཇབ་པར་དོར་སྟོན་ཅིང་།། སྟོན་པ་ཉིད་ལ་དངོས་པོ་མེད།། ཆུ་ཟླའི་ཚུལ་དཀུན་ལ་སྣང་།། ཀུན་ལ་དེ་ལྟར་རྟོག་པར་བྱོས།། ལྷན་གྲུབ་པདེ་གནས་ཞེས་བྱ་བའི་དམ་ཚིག་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ལ
282b8 བྱང་ཆུབ་སྙིང་པོ་ཡོད་པ་ལྟར། ། རང་བཞིན་ཡེ་ནས་འོད་གསལ་བའི།། བྱང་ཆུབ་སྙིང་པོར་ཐམས་ཅད་འདུས།། ཕྱི་ནང་མ་ལུས་ཐམས་ཅད་ཀུན།། བདག་གི་དང་དུ་གནས་པས་ན།། བདག་ལ་བདག་གིས་དབང་བསྒྱུར་ནས།།
iiif viewer powered by OpenSeadragon
282a - 283a