| | e-texts navigator
|
21a1 དང་འཁོར་བ་རྒྱ་མཚོ་དག་གིར་གྲུབ་པར་གྱུར་པ་དང་། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་པ་དང་། དམིགས་པ་གང་ཡིན་པ་དེ་བཞིན་གྲུབ་པར་གྱུར་པ་དང་། ཆོ་འཕྲུལ་རྫུ་འཕྲུལ་ཐོགས་པ་མེད་པར་གྲུབ་པ་དང་། དོན་དམ
21a2 བཅུད་ཀྱིས་རྣམ་ཤེས་བྱས་པར་གྲུབ་པའི་ཕྱིར་དངོས་གྲུབ་ཆེན་པོ་ཞེས་བྱའོ། ། རྣམ་གྲངས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པར་གྲུབ་པའི་ཕྱིར་རྫོགས་པ་ཆེན་པོ་གཅིག་ཅེས་བྱའོ།། གཞན་ཡང་འདུས་པ་ཆེན
21a3 པོའི་ཚོགས་སའི་ཁྱད་པར་ཆེན་པོ་བཅུ་གཅིག་ནོན་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ་གང་ཞེ་ན། འགྱུར་དབང་མ་ངེས་པའི་ས་དང་། བརྟེན་པ་བཞིའི་ས་དང་། གལ་ཆེན་སྦྱོར་བའི་ས་དང་། མི་ལྡོག་གནས་པའི་ས་དང་། བསླབ
21a4 བརྒྱུན་གྱིས་དང་། ཆོ་འཕྲུལ་སྤྲུལ་པའི་ས་དང་། བསྟན་པས་ཁྱད་པར་དུ་འགྲོ་བའི་ས་དང་། དམིགས་པས་འབྲས་བུ་སྐྱེ་བའི་ས་དང་། གནས་པས་མི་འགྱུར་བའི་ས་དང་། བདལ་བ་ཆོས་ཉིད་ཀྱི་ས་དང་། རྫོགས་པ་སྤྱིར་ཆིབ་ཀྱིས་སྟེ།
21a5 ས་འདི་དག་ནོན་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ།། གཞན་ཡང་འདུས་པ་ཆེན་པོའི་ཚོགས་འདི་ལྟ་སྟེ། རྣལ་འབྱོར་བསླབ་པའི་མཐའ་བཅུ་ཆིབ་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། གང་ཞེ་ན་གཞི་དམ
21a6 ཚིག་འདིས་བཟུང་བར་བསླབ་པ་དང་། རྒྱུད་ཐོས་པས་དགྲོལ་བར་བསླབ་པ་དང་། ཕུལ་དུ་མཁས་པར་དབྱུང་བར་བསླབ་པ་དང་། སྒོ་ཀུན་ནས་བསྡད་པར་བསླབ་པ་དང་། རིམ་པ་དབང་གིས་བགྲོད་པར་བསླབ་པ་དང་། ལ་སྤྱོད་པས་དོར།
21a7 ཀར་བསླབ་པ་དང་། ཐག་ལྟ་བས་གཅད་པར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་གཅིག་ཏུ་བསྡུ་བར་བསླབ་པའོ།། འདུས་པ་ཆེན་པོའི་ཚོགས་གཞན
21a8 ཡང་འདི་ལྟ་སྟེ། ཡོན་ཏན་གྱི་ཆེ་བ་སྦོམ་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། གང་ཞེ་ན། ཆེ་བ་ཉི་ཤུ་དང་། རོལ་པ་ཉི་ཤུ་དང་། ཆོ་འཕྲུལ་ཉི་ཤུ་དང་། རྔོམ་པ་ཉི་ཤུ་དང་། བརྗིད་པ་ཆེན་པོ་ཉི་ཤུ་དང་། ཏོག་ཆེན་པོའི་ནོར་བུའོ།།
iiif viewer powered by OpenSeadragon
20b - 21b