e-texts navigator
Collection
Volume
Page
Wylie

216b1 མཆོག། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། ཞིང་ཁམས་རྣམ་དག་བསམ་ཡས་དང་།། རྒྱ་དང་བྲལ་བའི་གཞལ་ཡས་ཁང་།། འཁོར་ལོ་རྒྱན་དང་རོལ་མོའི་ཚོགས།། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན།། མཐོང
216b2 ནས་ཉེ་བར་མཉེས་པ་དང་། ། རྒྱ་ཆེན་གསུང་ལས་དོན་བྱུང་བ།། འཐུན་པའི་ཡེ་ཤེས་རང་སྣང་ངོ་།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས་ཉིད་ཀྱིས་མི་གཟིགས་ཏེ།། རང་བྱུང་ཡེ་ཤེས་གནས་མང
216b3 སྡང་། ལོག་པར་རྟོག་བརྟགས་རྣམ་དག་ཅིང་།། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེ་ཆེན་པོས་འབྲེལ་བས་ན།། འགྲོ་དྲུག་དུས་ནས་མ་ལུས་སྣང་།། བདེ་བ་ཆེན་མོའི་དཀྱིལ་འཁོར་ནི།། སྟངས་དབུལ་གཉིས་སམ་ཡང་ན་ལཱ།
216b4 བྱས་ཏེ་དང་ལྡན་རབ་ཞུགས་ན།། འདོད་པ་ཡིད་འོང་མཉམ་པར་འགྱུར།། སྐལ་བ་མཉམ་པའི་ཡེ་ཤེས་དེ།། གཉེར་ན་ཉེ་བར་མཉམ་པ་ཡི།། ཡ་མཚན་ཆེན་པོ་འབྱུང་བར་ངེས།། དད་མེད་ཉམས་ན་ཕུང་པར་འགྱུར་ཞེས་ཆེད་དུ་བརྗོད་དོ།། རྡོ་རྗེ
216b5 བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ།། ཡེན་པ
216b6 མཉམ་ཉིད་དཀྱིལ་འཁོར་ལ། ། ཐབས་དང་ཤེས་རབ་ལྡན་བྱས་ཏེ།། རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། ཐམས་ཅད་མ་ལུས་མཎ་ཌ་ལ།། དེ་བཞིན་ཉིད་ཀྱི་གཞལ་ཡས་ལ།། རིག་པ་རང་བྱུང་གྱུར་པ་ཡིས།། མཉམ་པར་མཉམ་ལ་མི་གནས
216b7 པའི། ། ཆོས་སྐུའི་ཕྱག་རྒྱ་ཆེན་པོར་སྒོམ།། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ།། རང་བཞིན་དཀྱིལ་འཁོར་གནས་མོད་ཀྱི།། བཟུང་འཛིན་རྣམ་རྟོག་ཞགས་པ་ཡིས།། རང་རིག་བསྒྲིབས་ཤིང་རྟག་ཏུ་བཅིངས།། ཀུན་གྱི་ཡང་དག་རྟོགས
216b8 བྱའི་ཕྱིར། ། དེ་བཞིན་ཆོས་སྐུའི་གཟུགས་བརྙན་བསྟན།། རྟོག་དང་མི་རྟོག་རང་རིག་དང་།། ཡང་དག་ཐབས་ཆེན་རྫོགས་པའི་དོན།། རིན་ཆེན་སྣ་ཚོགས་ལ་སོགས་དང་།། འབྱུང་བ་བཞི་ལས་གྱུར་རྣམས་ཀུན།། ཐམས་ཅད་བྱང་ཆུབ་མཆོག་གི




iiif viewer powered by OpenSeadragon

216a - 217a

Texts on this page

Q457 - gsang ba'i snying po de kho na nyid nges pa