| | e-texts navigator
|
215a1 ཚད་དུ་སྟེ། ། ཡང་ན་ལུས་ནི་གསུམ་གྱི་ཚད།། པུར་བུ་ས་བུ་ཚེ་ནི་ཕྱེ་དང་།། གོས་བརྒྱན་མཛེས་མ་ཡིད་འོང་གྲོགས།། ཐིག་གད་བ་ཆོ་ག་ཕུན་སུམ་ཚོགས།། མཁས་ལྡན་ཆེན་པོས་བསྒོམས་ཏེ་བྱ།། ཡང་ན་ཁུ་ནི་བཅུ
215a2 དྲུག་དང་། ། ཉི་ཤུ་འམ་ཉི་ཤུ་རྩ་ལྔར་བྱ།། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ།། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད།། ཡང་ན་རྒྱང་གྲགས་དཔག་ཚད་དམ།། ནམ་མཁའིའ་དབྱིངས་ནི་བསམ་ཡས་པར།། སངས་རྒྱས
215a3 དཀྱིལ་འཁོར་སྣ་ཚོགས་བསྒོམ། ། མ་མཐོང་རྨོངས་པ་སྟོན་ཕྱིར་ཚོན།། ཁ་དོག་ཉི་ཤུ་རྩ་ལྔ་འམ།། ལྔ་ཡི་ཚོན་གྱིས་བྲི་བར་བྱ།། འདུལ་བའི་ཆོག་བཞིན་དུ་དགྱེ།། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག། ཡི་གེ་འམ་གདན་ནམ
215a4 སྙིང་པོ་འམ། ། ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར།། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ།། ས་ལ་སོགས་པ་ཕྱག་རྒྱར་བྱས།། རྣམ་གྲོལ་རིམ་པར་ཐོབ་པར་འགྱུར།། དག་པའི་ཡེ་ཤེས།
215a5 ཀྱིས་བྱས་པ།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས།། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི
215a6 མཚན་ཉིད་མཉམ་སྦྱོར་བ། ། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ།། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི།། ཀུན་ཏུ་བཟང་མོ་མི་སྙེངས་ཡིན།། ཀུན་ཏུ་བཟང་མོ་རང་གནས་པས།། ཡེ་ཤེས་དྲིལ་བུ་བསིལ
215a7 ཞིང་སྤྲོ། ། ཨེ་མའོ་སངས་རྒྱས་ཡུམ་ཆེན་གྱི།། ཉིད་ཀྱི་མཚན་དུ་གསོལ་བ་ནི།། ཅེས་ཀྱང་མི་ཤིགས་མི་བྱེད་ལ།། ཅིས་ཀྱང་མི་གཡོས་མ་འདྲེས་པས།། བདེ་ཆེན་ཡུམ་དུ་གྱུར་པས་ན།། ཀུན་ཀྱང་ཕྱག་རྒྱ་ཡུམ་ལྔ་བཏབ།། མུ་ཀུན་དུ
215a8 བཟང་མོའི་ཐུགས་ཉིད་ལས། ། རྡོ་རྗེ་ཡུམ་ཆེན་ཐམས་ཅད་ཀྱི།། རང་གི་རྟག་སུ་བསྟན་པའི་ཕྱིར།། མི་ཕྱེད་དྲིལ་བུ་འཆང་ཞེས་བྱ།། མུཾ་ཇི་ལྟར་རྒྱལ་པོའི་གནས་བཤམས་ཏེ།། རྒྱལ་པོས་གཅིག་མ་ཆེན་འགྱེད་པ་ལྟར།། བདེ་ཆེན
iiif viewer powered by OpenSeadragon
214b - 215b